7801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་ཤི་འཕོས་ནས་མ་རྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བའི་ཆོས་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་བྱུང་བ་སྟེ།

1. སེམས་ཅན་ཐམས་ཅད་ལ་བདག་གིས་ཕན་པར་བྱ་སྟེ། འདི་དག་ལས་ནི་ཕན་པ་ཅུང་ཟད་ཀྱང་མི་འཚལ་བ། 2. སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བཟོད་པར་བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏང་བར་བྱའོ་སྙམ་པ། 3. སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ། 4. བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་ལྟ་བུར་དགའ་བ། 5. ཐོས་པ་དང་། མ་ཐོས་པའི་ཆོས་རྣམས་ཐོས་ན་མི་སྤོང་བ། 6. གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་ཅིང་བདག་གི་རྙེད་པས་མི་སྙེམས་ཤིང་སེམས་ངེས་པར་སེམས་པ། 7. བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང་གཞན་གྱི་ཉེས་པ་མི་གླེང་བ། 8. བག་ཡོད་པ་ལ་དགའ་ཞིང་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པའོ། །

Tibetan Source 《མདོ་ཕ་པ་》ཤ་352ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number