7803
Jump to navigation
Jump to search
| Tibetan | འཇིག་རྟེན་གྱི་ཆོས་བརྒྱད། |
|---|---|
| Tibetan Alternate | |
| Tibetan Definition | ཁག་གཉིས་པ། འཇིག་རྟེན་ལས་འདས་པ་འཕགས་པ་རྣམས་ཀྱི་དགོངས་པ་ནི་རི་རབ་དང་འདྲ་བར་རྐྱེན་གང་གིས་ཀྱང་མི་གཡོ་མི་འཁྲུགས་པ་ཡིན་གྱི། སྐྱེ་བོ་བྱིས་པ་ཆུང་ངུ་འདྲ་བ་རྣམས་ཀྱི་སེམས་ནི་འདོད་པའི་རླུང་གིས་རྩི་མཆོག་བཞིན་དུ་གཡེངས་ཏེ། ཕན་ཡོན་དང་ཉེས་དམིགས་ཕྲན་ཚེགས་ཙམ་གྱི་རྐྱེན་གྱིས་ཀྱང་དགའ་བ་དང་མི་དགའ་བར་འགྱུར་བའི་བྱེ་བྲག་སྟེ།
1. རྙེད་པ་ནི། ལྟུང་བཟེད་དམ་ཆོས་གོས་ལ་སོགས་པ་ཟང་ཟིང་ཅུང་ཟད་ཐོབ་པས་དགའ་བར་གྱུར་པའོ། ། 2. མ་རྙེད་ནི། ཟང་ཟིང་དེ་དག་མ་ཐོབ་སྟེ་མི་དགའ་བའོ། 3. བསྟོད་པ་ནི། ཡོན་ཏན་མངོན་སུམ་དུ་བརྗོད་པས་དགའ་བའོ། ། 4. མ་བསྟོད་པ་ནི། མངོན་སུམ་དུ་སྐྱོན་བརྗོད་དེ་སེམས་ལ་འཁྲུག་པའོ། ། 5. གྲགས་པ་ནི། ལྐོག་ཏུ་ཡོན་ཏན་བརྗོད་པ་ཐོས་ཏེ་དགའ་བའོ། ། 6. མ་གྲགས་པ་ནི། ལྐོག་ཏུ་སྐྱོན་བརྗོད་པ་ཐོས་ཏེ་མི་དགའ་བའོ། ། 7. བདེ་བ་ནི། ལུས་དང་སེམས་ལ་དབེན་པ་ཉམས་སུ་མྱོང་སྟེ་དགའ་བའོ། ། 8. ལུས་དང་སེམས་ལ་གནོད་པ་མྱོང་སྟེ། མི་དགའ་བ་ནི་མི་བདེ་བའོ། ། ཆོས་བརྒྱད་པོ་འདི་དག་གིས་མི་གོས་པར་སྐྱེ་བོ་རྣམས་ཀྱིས་ཀྱང་བཏང་སྙོམས་སུ་གནས་པར་ཅི་ནུས་སུ་བསླབ་བོ། ། |
| Tibetan Source | 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས》ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |