7821
Jump to navigation
Jump to search
| Tibetan | མཉམ་པ་ཉིད་ལ་གནས་པའི་ཆོས་བརྒྱད། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ།
1. སེམས་ཅན་ཐམས་ཅད་མཉམ་པར་གྱུར་པ་སྟེ། རང་བཞིན་གྱི་བདག་མེད་པའི་ཕྱིར་རོ། ། 2. ཆོས་ཐམས་ཅད་མཉམ་པར་གྱུར་པ་སྟེ། ཆོས་ཐམས་ཅད་རབ་ཏུ་དབེན་པའི་ཕྱིར་རོ། ། 3. ཞིང་ཐམས་ཅད་མཉམ་པར་གྱུར་པ་སྟེ། སྟོང་པ་ཉིད་ཀྱི་ཁམས་སུ་འཇུག་པར་འགྱུར་བའི་ཕྱིར་རོ། ། 4. ཤེས་པ་ཐམས་ཅད་མཉམ་པར་གྱུར་པ་སྟེ། མཉམ་པ་ཉིད་སྟོང་བའི་ཕྱིར་རོ། ། 5. སྤྱོད་པ་ཐམས་ཅད་མཉམ་པར་གྱུར་པ་སྟེ། རྒྱུ་དང་རྐྱེན་ལ་རང་བཞིན་མེད་པའི་ཕྱིར་རོ། ། 6. ཐེག་པ་ཐམས་ཅད་མཉམ་པར་གྱུར་པ་སྟེ། འདུས་མ་བྱས་སུ་མཚུངས་པའི་ཕྱིར་རོ། ། 7. སེམས་མཉམ་པར་གྱུར་པ་སྟེ། སེམས་སྒྱུ་མ་དང་མཚུངས་པའི་ཕྱིར་རོ། ། 8. བདུད་རྣམས་མཉམ་པར་གྱུར་པ་སྟེ། ཉོན་མོངས་པའི་ཐོག་མ་མི་དམིགས་པའི་ཕྱིར་རོ། ། |
| Tibetan Source | 《དཀོན་བརྩེགས་ཆ་པ་》ཤ་179ན་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |