7825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྙེན་གནས་ཀྱི་བསླབ་པའི་གཞི་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1. སྲོག་གཅོད་པ་ལས་ལྡོག་པ། 2. མ་བྱིན་པ་ལེན་པ་ལས་ལྡོག་པ། 3. མི་ཚངས་པ་སྤྱོད་པ་ལས་ལྡོག་པ། 4. འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་པ། 5. བརྫུན་དུ་སྨྲ་བ་ལས་ལྡོག་པ། 6. ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལས་ལྡོག་པ། 7. གླུ་གར་རྩེ་བག་ལ་ལྟ་བ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་མདོག་བསྒྱུར་བ་འཛིན་པ་ལས་ལྡོག་པ། 8. དུས་མ་ཡིན་པའི་ཟས་ལས་ལྡོག་པའོ། ། དེ་བཞིན་དུ་བསླབ་པའི་གཞི་བརྒྱད་ལ་དུས་མ་ཡིན་པའི་ཟས་ལས་ལྡོག་པ་སྤངས་པ་ཡང་དག་པར་སློང་བ་བླངས་པ་ནི་བྱ་རོག་སྐྲོད་བྱེད་མ་རབ་ཏུ་བྱུང་བའོ། ། བསྙེན་གནས་སྡོམ་པ་འདི་ཉིད་ཇི་སྲིད་འཚོའི་བར་དུ་བླངས་པ་ནི་གོ་མིའི་སྡོམ་པ་ཞེས་ཁ་ཅིག་གདམས་པར་བྱེད་དོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་159ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number