7839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྟེན་འབྲེལ་བརྒྱད་དུ་དབྱེ་བ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་དྲུག་ནི། 1. རྣམ་པར་ཤེས་པ་འབྱུང་བའི་རྟེན་འབྲེལ་ནི་ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་དེ་ཉིད་ཡིན་ལ། 2. སྐྱེ་བ་དང་འཆི་འཕོ་བ་འབྱུང་བའི་རྟེན་འབྲེལ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སྡུག་པ་དང་མི་སྡུག་པ་རྣམ་འབྱེད་ལས་ཀུན་ཉོན་ཕྱོགས་དེ་ཡིན་ཅིང་། 3. ཞིང་ས་ཆུ་ལུད་སོགས་རྐྱེན་ཚོགས་ནས། ས་བོན་ལས་མྱུ་གུ་དེ་ལས་སྡོང་བུ། དེ་ལས་སྦུ་གུ དེ་ལས་སྙེ་མ། དེ་ལས་འབྲས་བུའི་བར་དུ་འབྱུང་ཞིང་། དེའང་རྒྱུན་མི་འཆད་པ་ཕྱིའི་རྟེན་འབྲེལ། 4. ཆགས་པ་གནས་པ་དང་འཇིག་པར་སྣང་བ་སྣོད་ཀྱིས་རབ་ཏུ་དབྱེ་བའི་རྟེན་འབྲེལ། སྐྱེ་རྒུ་རྣམས་ཚེ་སོགས་འཕེལ་འགྲིབ་བཟང་ངན་སྣ་ཚོགས་སུ་སྣང་བའང་དེར་འདུའོ། ། 5. ཁམས་ཀྱི་ཟས་དང་། རེག་པའི་ཟས་དང་། སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་སྐྱེའི་ཚུལ་གྱིས་འཁོར་བའི་གནས་སུ་རྒྱུན་མི་འཆད་པར་འབྱུང་ཞིང་ཟས་ཀྱིས་འཚོ་བས་རྣམ་པར་དབྱེ་བའི་རྟེན་འབྲེལ། 6. ལས་དགེ་བའི་མཐུ་ལས་འདོད་པ་བདེ་འགྲོའི་གནས་སུ་འགྲོ་བ་དང་། ལས་མི་དགེ་བའི་མཐུ་ལས་མི་འདོད་པ་ངན་འགྲོའི་གནས་སུ་འགྲོ་བ་ནི་འདོད་པ་དང་མི་འདོད་པར་འགྲོ་བ་རབ་དུ་དབྱེ་བ་རྟེན་འབྲེལ་ཏེ་དྲུག་པོ་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ཡིན་ནོ། ། དེའང་སྣོད་ཀྱི་རྟེན་འབྲེལ་དང་། ཕྱིའི་རྟེན་འབྲེལ་གཉིས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བརྟེན་པ་དང་། གཞན་བཞི་པོ་ནང་བཅུད་སེམས་ཅན་ལ་བརྟེན་པའི་རྟེན་འབྲེལ་ལོ། ། རྣམ་བྱང་གི་རྟེན་འབྲེལ་གཉིས་ནི། 1. ལམ་སྔ་མ་བཞི་ལ་བརྟེན་ནས་ཐར་པའི་གོ་འཕང་མི་སློབ་པའི་ལམ་མངོན་དུ་གྱུར་པ་ནི་རྣམ་པར་དག་པས་རབ་ཏུ་དབྱེ་བའི་རྟེན་འབྲེལ། 2. མངོན་པར་ཤེས་པ་དྲུག་ཐོབ་པ་ནི་མཐུ་སྟོབས་ཀྱིས་རབ་ཏུ་དབྱེ་བའི་རྟེན་འབྲེལ་ཏེ་དེའི་མངོན་ཤེས་དྲུག་ཀྱང་མདོ་སྡེ་རྒྱན་ལས། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། ། དེ་ཡི་གནས་དང་ངེས་འབྱུང་མངོན་སུམ་གང་། ། ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། ། ཐོག་མར་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་428.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number