7851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོབས་བརྒྱད།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1. སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་པས་ཐོགས་པ་མེད་པའི་དད་པའི་སྟོབས། 2. སྟོན་པ་དང་མཚུངས་པའི་བློས་གུས་པ་ལས་ངེས་པར་བྱུང་བ་དགེ་བའི་བཤེས་གཉེན་གྱི་སྟོབས། 3. འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་རྫོགས་པར་བྱེད་པས་ཐོས་པ་ལས་ངེས་པར་བྱུང་བ་ཤེས་རབ་སྟོབས། 4. བསོད་ནམས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱེད་པས་བསོད་ནམས་ལས་ངེས་པར་བྱུང་བ་བསྙེན་བཀུར་བྱ་བའི་སྟོབས། 5. བདུད་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར་ཚུལ་བཞིན་ལས་ངེས་པར་བྱུང་བ་ཡེ་ཤེས་ཀྱི་སྟོབས། 6. ཆོས་རྣམས་བདག་མེད་པ་ལ་དོགས་པ་མེད་པས་བྱམས་པ་ཆེན་པོ་ལས་ངེས་པར་བྱུང་བ་སྙིང་རྗེ་ཆེན་པོའི་སྟོབས། 7. བྱང་ཆུབ་ཀྱི་སེམས་བརྗོད་པ་མེད་པས་ངེས་པར་སེམས་པ་ལས་ངེས་པར་བྱུང་བའི་སེམས་ཀྱི་སྟོབས། 8. མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་གཞན་གྱི་དྲིང་མི་འཇོག་པ་ལས་ངེས་པར་བྱུང་བའི་བཟོད་པའི་སྟོབས་སོ། །

Tibetan Source 《མདོ་ན་པ་》ཤ་75བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number