7852
Jump to navigation
Jump to search
| Tibetan | སྟོབས་བརྒྱད། |
|---|---|
| Tibetan Alternate | |
| Tibetan Definition | ཁག་གཉིས་པ། དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ།
1. སེམས་ཀྱི་འདུན་པའི་སྟོབས་ཏེ། གཡོ་སྒྱུ་མེད་པའི་ཕྱིར་རོ། ། 2. མོས་པའི་སྟོབས་ཏེ། སྡིག་པ་རྣམས་སྦྱོང་བར་བྱེད་པའི་ཕྱིར་རོ། ། 3. སྦྱོར་བའི་སྟོབས་ཏེ། རྟག་ཏུ་དགེ་བ་བསྒྲུབ་པའི་ཕྱིར་རོ། ། 4. མངོན་པར་ཡིད་ཆེས་པའི་སྟོབས་ཏེ། ལས་ཀྱི་རྣམ་པར་སྨིན་པ་དག་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པའི་ཕྱིར་རོ། ། 5. བྱང་ཆུབ་སེམས་ཀྱི་སྟོབས་ཏེ། ཐེག་པ་དམའ་བ་རྣམས་ཡོངས་སུ་མི་ཚོལ་བའི་ཕྱིར་རོ། ། 6. བྱམས་པ་ཆེན་པོའི་སྟོབས་ཏེ། ལས་ཀྱིས་སེམས་ཅན་ལ་གནོད་པར་མི་བྱེད་པའི་ཕྱིར་རོ། ། 7. སྙིང་རྗེ་ཆེན་པོའི་སྟོབས་ཏེ། གནོད་པ་རྣམས་དང་དུ་ལེན་པའི་ཕྱིར་རོ། ། 8. དགེ་བའི་བཤེས་གཉེན་གྱི་སྟོབས་ཏེ། དུས་དུས་སུ་སད་པར་བྱེད་པའི་ཕྱིར་རོ། ། |
| Tibetan Source | 《དཀོན་བརྩེགས་ཆ་པ་》ཤ་177བ་7ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |