7865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐམས་ཅད་མཁྱེན་པའི་སེམས་ཀྱི་ཤིང་ལྗོན་པ་དེའི་སྣང་བ་དང་།ས་བོན།རྩ་བ།སྡོང་པོ།ཡལ་གལོ་མ།མེ་ཏོགའབྲས་བུ་ལ་སོགས་པའི་ལྔ་ཚན་བརྒྱད།
Tibetan Alternate
Tibetan Definition 1.སྣང་བ་ལྔ་ནི།

(1)ཉོན་མོངས་པ་དང་བྲལ་བའི་སྣང་བ། (2)རང་གི་སེམས་ངེས་པར་སེམས་པའི་སྣང་བ། (3)ཤེས་རབ་ཀྱི་སྣང་བ། (4)མིག་ལྔའི་སྣང་བ། (5)ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བའོ། ། 2. ས་བོན་ལྔ་ནི། (1)བསམ་པ། (2)ལྷག་པའི་བསམ་པ། (3)སེམས་ཅན་ལ་ལྟ་བ། (4)མོས་པ། (5)རྒྱ་ཆེན་པོ་ལ་མོས་པའོ། ། 3. རྩ་བ་ལྔ་ནི། (1)བྱམས་པ་ཆེན་པོ། (2)སྙིང་རྗེ་ཆེན་པོ། (3)དགེ་བའི་རྩ་བས་མི་ངོམས་ཤིང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་སྔོ་བ། (4)ཉེས་པ་བརྟུལ་བས་འཆགས་པ། (5)ཐེག་པ་གཞན་མི་འདོད་པ་དང་ལྔའོ། ། 4. སྡོང་པོ་ལྔ་ནི། (1)ཐབས་ལ་མཁས་པ། (2)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། (3)སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། (4)དམ་པའི་ཆོས་ཡོངས་སུ་འཛིན་པ། (5)རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས་བཏང་སྙོམས་པའོ། ། 5. ཡལ་ག་ལྔ་ནི། (1)སྦྱིན་པ། (2)ཚུལ་ཁྲིམས། (3)བཟོད་པ། (4)བརྩོན་འགྲུས། (5)བསམ་གཏན་ནོ། ། 6. ལོ་མ་ལྔ་ནི། (1)ཚུལ་ཁྲིམས། (2)ཐོས་པ། (3)ཁྱིམ་ནས་འབྱུང་བ། (4)དགོན་པ་ལ་གནས་པ། (5)འཕགས་པའི་རིགས་ཆོག་ཤེས་པའོ། ། 7. མེ་ཏོག་ལྔ་ནི། (1)བསོད་ནམས་བསགས་པས་མཚན་ཕུན་སུམ་ཚོགས་པ། (2)སྦྱིན་པ་སྣ་ཚོགས་བསགས་པས་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ། (3)སེམས་ངེས་པར་སེམས་པས་བྱང་ཆུབ་ཀྱི་ཡན་ལག་ཕུན་སུམ་ཚོགས་པ། (4)ཆོས་རྣམ་པར་འགྲེལ་བས་སྤོབས་པ་ཕུན་སུམ་ཚོགས་པ། (5)གཟུངས་རབ་ཏུ་ཐོབ་པས་བརྗེད་ངས་པ་མེད་པ་ཕུན་སུམ་ཚོགས་པའོ། ། 8. འབྲས་བུ་ལྔ་ནི། (1)སློབ་པའི་འབྲས་བུ་ཐོབ་པ། (2)མི་སློབ་པའི་འབྲས་བུ་ཐོབ་པ། (3)རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ། (4)ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་འབྲས་བུ་ཐོབ་པ། (5)ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའོ། །

Tibetan Source 《མདོ་ན་པ་》ཤ་322བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number