7878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་ཆེན་ལས་གཡེང་བའི་རྒྱུ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་ལས་བྱུང་བ་སྟེ།

1. གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམ་པ་མང་པོ་ལ་ཞེན་ནས་རྣམ་པར་རྟོག་པའི་སྤོབས་པ་དུ་མ་འབྱུང་བ་དང་པོ། 2. ཡི་གེ་འབྲི་བ་ཉིད་ལ་ཡུམ་དུ་མངོན་པར་ཞེན་པ་གཉིས་པ། 3. དངོས་པོ་མེད་པ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་གསུམ་པ། 4. ཡི་གེ་བྲིས་ཟིན་པ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་བཞི་པ། 5. ཡི་གེ་མེད་པ་ཁོ་ན་ལ་ཡུམ་དུ་མངོན་པར་ཞེན་པ་ལྔ་པ། 6. ཉམས་དགའ་ལ་སོགས་པ་ཡུལ་དང་ཁྱིམ་གཅིག་པ་གྲོང་། བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པ་གྲོང་ཁྱེར། ཚོང་པ་མང་པོ་ཡོད་པའི་གྲོང་བརྡལ། མི་རིགས་གནས་པའི་ཕྱོགས་ལྗོངས་ལ་སོགས་པ་རྣམས་ཡིད་ལ་བྱེད་པ་དྲུག་པ། 7. རིན་པོ་ཆེ་ཐོབ་པ་སོགས་ཀྱི་རྙེད་པ་དང་། དཔལ་གྱི་དར་དཔྱང་བཅིང་བ་སོགས་ཀྱི་བཀུར་སྟི་དང་། ཚིགས་སུ་བཅད་པ་སྟེ་སྙན་པའི་རོ་མྱོང་བ་ནི་བདུན་པ། 8. སངས་རྒྱས་ཐོབ་པའི་ཐབས་མ་ཡིན་པ་བདུད་ཀྱིས་བསྟན་པའི་སྡེ་སྣོད་ལས་ཐབས་ལ་མཁས་པ་ཚོལ་བའོ། །

Tibetan Source 《དཔལ་སྤྲུལ་གསུང་འབུམ་ག་པ་》ཤ་164ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number