7881

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་འགྱུར་བའི་ཆོས་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1. བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ། 2. བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་གང་ཡིན་པ། 3. བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་མཆོག་ཏུ་རྒྱ་ཆེ་བ་བསྟན་པ་གང་ཡིན་པ། 4. དེ་ཚུལ་བཞིན་དུ་ཉན་པ། 5. ཚུལ་བཞིན་དུ་སེམས་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་སུ་བླང་བ་བསྟན་པ་གང་ཡིན་པ། 6. ལྷག་པའི་བསམ་པ་ཉམས་སུ་བླང་བ་སྔོན་དུ་འགྲོ་བའི་བསྒོམ་པའི་རྣམ་པས་འཇུག་པ། 7. བསྒོམ་པའི་རྣམ་པས་འཇུག་པ་སྔོན་དུ་འགྲོ་བའི་བསྒོམས་པའི་འབྲས་བུ་ཡོངས་སུ་འགྲུབ་པ། 8. བསྒོམས་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དེ་ཉིད་ཀྱིས་གཏན་དུ་ངེས་པར་འབྱིན་པ་དང་བརྒྱད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་156ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number