7898
Jump to navigation
Jump to search
Tibetan | དུར་ཁྲོད་བརྒྱད། |
---|---|
Tibetan Alternate | |
Tibetan Definition | འདི་ལ་ཁག་གསུམ་ཡོད་པ་སྟེ།
ཁག་དང་པོ། 1. ཤར་དུ་གཏུམ་དྲག 2. བྱང་དུ་ཚང་ཚིང་འཁྲིགས་པ། 3. ནུབ་ཏུ་རྡོ་རྗེ་འབར་བ། 4. ལྷོར་ཀེང་རུས་ཅན། 5. དབང་ལྡན་དུ་དྲག་ཏུ་རྒོད་པ། 6. མེར་བཀྲ་ཤིས་ཚལ། 7. བདེན་བྲལ་དུ་མུན་པ་དྲག་པོ། 8. རླུང་དུ་ཀི་ལི་ཀི་ལིའི་སྒྲ་གྲོག་པའོ། ། ཁག་གཉིས་པ། རྣམ་གྲངས་རྒྱ་མཚོའི་གཏེར་ལས། 1. གཏུམ་དྲག་ཅན། 2. གད་རྒྱངས་སྒྲོག་པ། 3. པདྨ་འཁྱིལ་བ། 4. ཀཱི་ལ་སྒྲོག་པ། 5. རབ་འཇིགས། 6. མི་བཟོད་གཏུམ་པ། 7. རབ་རྒྱུ། 8. དྲག་ཤུལ་ཅན་ནོ། ། ཁག་གསུམ་པ། གཞལ་ཡས་ཁང་གི་ཕྱི་རོལ་ཏུ་ཡོད་པའི་དུར་ཁྲོད་ཆེན་པོ་བརྒྱད་ནི། 1. ཤར་དུ་བསིལ་བའི་ཚལ། 2. ལྷོར་ཀུ་ལི་སྒྲ་སྒྲོག 3. ནུབ་ཏུ་ལངྐ་བརྩེགས་པ། 4. བྱང་དུ་པདྨ་བརྩེགས་པ། 5. ཤར་ལྷོར་ལྷུན་གྲུབ་གཏེར། 6. ལྷོ་ནུབ་ཏུ་གསང་ཆེན་རོལ་པ། 7. ནུབ་བྱང་དུ་ཧོ་ཆེན་གདལ་བ། 8. བྱང་ཤར་དུ་འཇིག་རྟེན་བརྩེགས་པའོ། ། ཡོངས་གྲགས་སུ་འདྲེན་ཚུལ་དང་པོ་དེ་ཁུངས་དག་པར་བཞེད་དོ། ། |
Tibetan Source | 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1081.27ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |