8083

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བོད་ཀྱི་མཛངས་མི་ཕྱེད་དང་བརྒྱད།
Tibetan Alternate
Tibetan Definition 1.གཅིག་ཏུ་མཛངས་པ་འདྲེང་གི་བུ་རུ་ལས་སྐྱེས། ། དེ་ཡིས་མཛངས་པའི་ལས་ཐབས་ཅི་བྱས་ན། ། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། ། མཐུན་གཉིས་གཉའ་རུ་སྡེབས་ནས་སྤང་ཐང་ཞིང་དུ་རྨོས། ། དེའི་གོང་ན་བོད་ལ་ལོ་ཐོག་མེད། །

2. གཉིས་སུ་མཛངས་པ་ལྷ་བུ་མགོ་དཀར་ཡིན། ། ཞིང་གི་དོར་དང་འབྲོག་གི་ཐུལ་དུ་སྡེབས། ། མཚན་ཆུ་ཐུམ་པོར་བཏུམས་ནས་ཕུ་ཆུ་མདའ་རུ་དྲངས། ། མཚོ་ལ་གཏར་ཁ་བྱས་ནས་ཡུར་བ་དཀྱུས་སུ་བཙལ། ། དེའི་གོང་ན་ཆུ་མེད་ཆར་མ་འདོལ་མོ་མེད། ། 3. གསུམ་དུ་མཛངས་པ་ཐོན་མི་སམྦྷོ་ཊ། ། ཀ་ཀ་ཀི་ཀི་ཀུ་ཀུ་ཞབས་ཁྱུད་བྱས། ། ར་ར་རི་རི་གཙང་གི་ཡིག་མ་རོ། ། ཤད་ཀྱིས་བར་བཅད་ཚག་གིས་སྨྲ་བར་བྱེད། ། དེའི་གོང་ན་བོད་ལ་ཡི་གེ་མེད། ། 4. བཞི་རུ་མཛངས་པ་སྙགས་ཁྲི་བཟང་ཡང་སྟོན་ཡིན། ། དེ་ཡང་རི་ཁྱིམ་ལུང་དུ་ཕབ་ནས་སྦོ་མཐོ་མཁར་དུ་བརྩིགས། ། སྤང་ཐང་ཞིང་དུ་རྨོས་ནས་དབྱེ་མཐའ་མཁར་ཁྱིམ་བྱས། ། དེའི་གོང་ན་མི་ཁྱིམ་རི་ལ་འདུག། 5. ལྔ་རུ་མཛངས་པ་ཁྲི་བཟང་ཡབ་ལྷག་ཡིན། ། ཕྱོགས་བཞིའི་སྐུ་སྲུང་བཙུད་ནས་སྐུའི་རིམ་གྲོ་བྱས། ། རྒོད་ཀྱི་སྟོང་སྡེ་ཕྱེད་རྩ་གཉིས་དགྲ་ལ་རྒོལ་དུ་བཅུག ། མི་ལ་སྟོང་ཐང་བཅད་པས་ཕྱི་རབས་བློན་པོ་ཐུག་ཕྲལ་ཆུང་བར་བྱས། ། དེའི་གོང་ན་བོད་ལ་གསོས་དང་སྟོང་ཐང་མེད། ། 6. དྲུག་ཏུ་མཛངས་པ་མོན་ཁྲི་ཏོ་རེ་སྣང་ཚབ་ཡིན། ། ཕུལ་དང་ཁྱོར་གྱི་ཟ་མ་བྱུངས་སུ་བཟུང་། ། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་སྤྱོད། ། དེའི་གོང་ན་བོད་ལ་བྲེ་སྲང་མེད། ། 7. བདུན་དུ་མཛངས་པ་གཉེར་སྟག་བཙན་ལྡོང་གཟིགས་ཡིན། ། མཛོ་པོ་རྟོལ་པོ་བེའུ་ལུག་དགྱེ་རུ་སྡེབས། ། བ་རེ་གླང་རེ་གནག་རེ་ཁྱིམ་དུ་འཚོ། ། རྩྭ་ལ་ཆུན་པོར་བྱས་ནས་དབྱར་རྩྭ་དགུན་ནས་འཚལ། ། དེའི་གོང་ན་ཕྱུགས་ན་རེ་ཁྲིམས་མེད། ། 8. བརྒྱད་དུ་མཛངས་པ་རྒྱ་མོ་ཨོང་ཅོང་གིས། ། གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེ། ། ལས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ། ། ཕོ་ལ་མདའ་གཞུ་མོ་ལ་འཕང་ཆ་གཏད། ། དེའི་གོང་ན་ཕོ་མོ་ཆས་མ་ཕྱེད། ། བུད་མེད་ཡིན་པས་ཕྱེད་དུ་བཞག་པ་ཡིན། ། ཞེས་སོ། །

Tibetan Source 《ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་》དེབ་ཤ་114.8ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number