8145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མ་ཏྲམ་རུ་ཏྲ་བསྒྲལ་བའི་རྫས་བརྒྱད་ལས་གསང་སྔགས་ཀྱི་བསྟན་པ་བྱོན་པའི་གནས་བརྒྱད་བྱིན་གྱིས་བརླབས་པ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1. མགོ་ལྷོ་ཕྱོགས་སེང་ག་ལའི་ཡུལ། 2. ལག་པ་གཡས་ཐོ་གར། 3. གཡོན་པ་ལྷོ་ནུབ་ཀླུ་ཡུལ། 4. རྐང་པ་གཡས་བྱང་ཤར་བལ་ཡུལ། 5. གཡོན་པ་ནུབ་བྱང་ཁ་ཆེའི་ཡུལ། 6. ཕོ་མཚན་བྱང་ཕྱོགས་ཨོ་རྒྱན་ཡུལ། 7. ནང་རོལ་ནུབ་ཕྱོགས་ཟ་ཧོར་ཡུལ། 8. སྙིང་ཤར་ཕྱོགས་མ་གདྷའོ། ། ཁག་གཉིས་པ། 1. སྙིང་ཤར་ཕྱོགས་དབུས་འགྱུར་མ་ག་དྷ། དུར་ཁྲོད་བསིལ་བ་ཚལ། 2. མགོ་ལྷོ་ཕྱོགས་སེང་ག་ལའི་ཡུལ། དུར་ཁྲོད་སྐུ་ལ་རྫོགས། 3. ལག་གཡས་ཤར་ཕྱོགས་བལ་ཡུལ། དུར་ཁྲོད་ལྷུན་གྲུབ་གཏེར། 4. ལག་གཡོན་ལྷོ་ནུབ་ས་ལའི་ཡུལ། དུར་ཁྲོད་གསང་དོན་རོལ་བ། 5. རྐང་པ་གཡས་བྱང་ཤར་ལི་ཡུལ། དུར་ཁྲོད་འཇིག་རྟེན་བརྩེགས། 6. རྐང་པ་གཡོན་ནུབ་བྱང་ཁ་ཆེའི་ཡུལ། དུར་ཁྲོད་ཧེ་ཆེན་བརྡལ། 7. ཕོ་མཚན་བྱང་ཕྱོགས་ཨོ་རྒྱན་ཡུལ། (གྱད་ཡུལ་ཡང་ཟེར་)དུར་ཁྲོད་པད་མ་བརྩེགས། 8. ནང་རོལ་ཀུན་ནུབ་ཕྱོགས་ཟ་ཧོར་ཡུལ་དང་། རྒྱ་མཚོའི་གླིང་གི་མ་ག་དྷ། ལང་ཀ་པུ་རི་སྲིན་པོའི་ཡུལ། དུར་ཁྲོད་ལང་ཀའོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1586.28ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number