8208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྫུན་སྨྲ་བ་ཞེས་བྱ་བའི་རྫུན་སྨྲ་བ་རྣམ་བ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ།

1. རྫུན་སྨྲ་བ་ནི་རྣམ་པ་དགུ་ཡང་ཡོད་པ་ནི། (1)གཞི་མེད་པར་ཕམ་པར་འགྱུར་བ། (2)དགེ་འདུན་ལྷག་མ། (3)ལྟུང་བྱེད། (4)སོ་སོར་བཤགས་པར་བྱ་བ། (5)ཉེས་བྱས་ཀྱིས་གླེང་བ། (6)གཞི་མེད་པར་ཚུལ་ཁྲིམས་ཉམས་པ། (7)ལྟ་བ་ཉམས་པ། (8)ཆོ་ག་ཉམས་པ། (9)འཚོ་བ་ཉམས་པས་གླེང་བའོ། ། 2. རྫུན་སྨྲ་བ་རྣམ་པ་བརྒྱད་ཀྱང་ཡོད་པ་ནི། (1)གཞི་མེད་པར་ཕམ་པར་འགྱུར་བ། (2)དགེ་འདུན་ལྷག་མ། (3)ལྟུང་བྱེད། (4)སོ་སོར་བཤགས་པར་བྱ་བ། (5)ཉེས་བྱས་ཀྱིས་གླེང་བ། (6)གཞི་མེད་པར་མཐོང་བ། (7)ཐོས་པ། (8)དོགས་པས་གླེང་བའོ། ། 3. རྫུན་སྨྲ་བ་རྣམ་པ་བདུན་ཡང་ཡོད་པ་ནི། (1)གཞི་མེད་པར་ཚུལ་ཁྲིམས་ཉམས་པ། (2)ལྟ་བ་ཉམས་པ། (3)ཆོ་ག་ཉམས་པ། (4)འཚོ་བ་ཉམས་པ། (5)གཞི་མེད་པར་མཐོང་བ། (6)ཐོས་པ། (7)དོགས་པས་གླེང་བའོ། ། 4. རྫུན་སྨྲ་བ་རྣམ་པ་དྲུག་ཀྱང་ཡོད་པ་ནི། དགེ་སློང་བརྫུན་དུ་སྨྲ་བར་འདོད་པ་ནི། (1)འདི་སྙམ་དུ་རྫུན་སྨྲ་བར་བྱའོ་སྙམ་པ། (2)རྫུན་སྨྲ་བ་ན། འདི་སྙམ་དུ་རྫུན་སྨྲའོ་སྙམ་པ། (3)རྫུན་སྨྲས་པ་ན་འདི་སྙམ་དུ་རྫུན་སྨྲས་སོ་སྙམ་པ། (4)དགེ་སློང་གཞི་མེད་པར་མཐོང་བ། (5)ཐོས་པ། (6)དོགས་པས་རྫུན་སྨྲ་བའོ། ། 5. རྫུན་སྨྲ་བ་རྣམ་པ་ལྔ་ཡང་ཡོད་པ་ནི། (1)གཞི་མེད་པར་ཕམ་པར་འགྱུར་བ། (2)དགེ་འདུན་ལྷག་མ། (3)ལྟུང་བྱེད། (4)སོ་སོར་བཤགས་པར་བྱ་བ། (5)ཉེས་བྱས་ཀྱིས་གླེང་བའོ། ། 6. རྫུན་སྨྲ་བ་རྣམ་པ་བཞི་ཡང་ཡོད་པ་ནི། (1)གཞི་མེད་པར་ཚུལ་ཁྲིམས་ཉམས་པ། (2)ལྟ་བ་ཉམས་པ། (3)ཆོ་ག་ཉམས་པ། (4)འཚོ་བ་ཉམས་པས་གླེང་བའོ། ། 7. རྫུན་སྨྲ་བ་རྣམ་པ་གསུམ་ཡང་ཡོད་པ་ནི། རྫུན་སྨྲ་བར་འདོད་པ་ན། (1)འདི་སྙམ་དུ་རྫུན་སྨྲ་བར་བྱའོ་སྙམ་པ། (2)རྫུན་སྨྲ་བ་ན། འདི་སྙམ་དུ་རྫུན་སྨྲའོ་སྙམ་པ། (3)རྫུན་སྨྲས་པ་ན་འདི་སྙམ་དུ་རྫུན་སྨྲས་སོ་སྙམ་པ། 8. རྫུན་སྨྲ་བ་རྣམ་པ་གཉིས་ཀྱང་ཡོད་པ་ནི། (1)རྫུན་སྨྲ་བ་ན། འདི་སྙམ་དུ་རྫུན་སྨྲའོ་སྙམ་པ། (2)རྫུན་སྨྲས་པ་ན་འདི་སྙམ་དུ་རྫུན་སྨྲས་སོ་སྙམ་པའོ། ། རྫུན་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ། །

Tibetan Source 《འདུལ་བ་ཆ་པ་》ཤ་313བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number