8338

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ས་ག་ཡོ་བའི་རྒྱུ་བརྒྱད་དང་།རྐྱེན་བརྒྱད་ཀྱི་ཕྱིར་ས་གཡོས་པ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ།

1. ས་ཆེན་པོ་འདི་ནི་ཆུ་ལ་བརྟེན། ཆུ་ནི་རླུང་ལ་བརྟེན། རླུང་ནི་ནམ་མཁའ་ལ་བརྟེན་ལ་བརྟེན་པར་གྱུར་ཏེ། ནམ་གྱི་དུས་ནམ་མཁའ་ལ་རླུང་མོ་ཆེ་ལྡང་ངོ་། ། ནམ་མཁའ་ལ་རླུང་མོ་ཆེ་ལངས་པས་ཆུ་བསྐྱོད་དོ། ། ཆུ་བསྐྱོད་པས་ས་གཡོ་བར་འགྱུར་རོ། ། 2. དགེ་སློང་ཆོ་འཕྲུལ་ཆེན་པོ་དང་། མཐུ་ཆེན་པོ་ཡོད་དེ། དེས་ས་ཆུང་བར་འདུ་ཤེས་ཀྱིས་བྱིན་གྱིས་བརླབས་ནས། ཆུ་ནི་ཚད་མེད་པར་འདུ་ཤེས་སྦྱར་ཏེ། འདོད་ནའང་ས་གཡོ་བར་འགྱུར་རོ། ། 2.དགེ་སློང་མའམ། ལྷ་ཡང་རུང་། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བར་གྱུར་པ་དེས་ཀྱང་ས་ཆུང་བར་འདུ་ཤེས་ཀྱིས་བྱིན་གྱིས་བརླབས་ནས། ཆུ་ནི་ཚད་མེད་པར་འདུ་ཤེས་སྦྱར་ཏེ། འདོད་ན་ཡང་ས་གཡོ་བར་འགྱུར་རོ། ། 3. ནམ་གྱི་དུས་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ལས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེ་ན་ཡང་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་སྟེ། འཇིག་རྟེན་འདི་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་འགྱུར་བ་ནི། ལྷའི་ཁ་དོག་དང་ཟིལ་གྱིས་མནན་ནས། གང་ཡང་འཇིག་རྟེན་དང་འཇིག་རྟེན་གྱི་བར་མི་སྣང་བར་གནས་པ་མུན་པས་གནག་པ་གང་དུ་ཉི་མ་དང་། ཟླ་བ་གཉིས་འདི་བཞིན་དུ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བའི་འོད་ཀྱིས་སོ་སོར་སྣང་བར་མ་གྱུར་པ་དེར་ཡང་དེའི་དུས་ན་སྣང་བ་ཆེན་པོས་སྣང་བར་གྱུར་ཏེ། དེར་སེམས་ཅན་གང་སྐྱེས་པ་དེ་དག་བདག་གི་ལག་པ་ནས་གཟུང་ཡང་མི་མཐོང་བའི་སེམས་ཅན་དེ་དག ཀྱི་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། ། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ། ། སྙམ་དུ་ཤེས་སོ། ། 4. ནམ་གྱི་དུས་ན་བྱང་ཆུབ་སེམས་དཔའ་དེའི་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་དུས་ན་ཡང་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་ཏེ་ཞེས་པ་ནས་སྔ་མ་བཞིན་ཀྱེ་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། ། ཀྱེ་སེམས་གཞན་དག་ཀྱང་འདིར་སྐྱེས་སོ། ། ཞེས་པའི་བར་དུ་སྟེ། ། 5. བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་དུས་ན་ས་ཤིན་ཏུ་གཡོ་བ་ནས་སྔ་མ་བཞིན་དུ་སྦྱར་བའོ། ། 6. ནམ་གྱི་དུས་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་དེའི་དུས་ན་ཡང་ས་ཆེན་པོ་ཤིན་ཏུ་གཡོ་བ་སྔ་མ་བཞིན་སྦྱར་བའོ། ། 7. ནམ་གྱི་དུས་ན། དེ་བཞིན་གཤེགས་པས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་སྤངས་པ་དེའི་དུས་ནི་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་ཏེ། སྐར་མདའ་ལྷུང་། ཕྱོགས་ཚིག བར་སྣང་ལ་ལྷ་རྣམས་རྔ་རྡུང་བར་གྱུར་རོ། ། 8. རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཟླ་བ་གསུམ་འདས་པ་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདའ་བར་འགྱུར་བ་དེའི་དུས་ན་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར། སྐར་མདའ་ལྷུང་། ཕྱོགས་ཚིག བར་སྣང་ལ་ལྷ་རྣམས་རྔ་རྡུང་བར་གྱུར་རོ། །

Tibetan Source 《འདུལ་བ་ད་པ་》ཤ་319བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number