8533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕོ་རྩལ་སྣ་དགུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་རྟགས་དང་རྟེན་འབྲེལ་བརྟག་པ་ལས་བྱུང་བ་སྟེ།

ལུས་ཀྱི་རྩལ་གསུམ་སྟེ། 1. མཐེབ་ཀྱིས་ཤ་ནོན་པ། 2. རྐྱལ་གྱིས་ཆུ་ཆེན་བརྒལ་བ། 3. ཡང་རྩལ་བྱ་ལྟ་བུའོ། ། ངག་གི་རྩལ་གསུམ་སྟེ། 1. ལོ་རྒྱུས་ཀྱིས་དགེ་འཐོན་པོ། 2. གཏམ་གྱིས་བཞད་གད་འཐོན་པ། 3. གཤགས་ཀྱིས་ཕ་རོལ་གནོན་པའོ། ། ཡིད་ཀྱི་རྩལ་གསུམ་སྟེ། 1. མཛངས་ལ་བློ་མྱུར་བ། 2. དཔའ་ལ་བརྟན་ཚུགས་པ། 3. ཁ་གསལ་ཞིང་གཏིང་མི་རྟོགས་པའོ། །

Tibetan Source 《མདོ་རྒྱུད་མཛོད་ཨ་པ་》ཤ་684.16ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number