8590
Tibetan | བརྩོན་འགྲུས་རྣམ་པ་དགུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།
1. བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནི། ཁྱད་པར་བཞི་སྟེ། (1)དམིགས་པ་ནི། དགེ་བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དང་། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རོ། ། (2)རྣམ་པ་ནི། སེམས་མངོན་པར་སྤྲོ་བའོ། ། (3)སྦྱོར་བ་ནི། སྦྱངས་པའི་བར་ཆད་མེད་པའི་ཕྱིན་ཅི་ལོག་པའོ། ། (4)རྒྱུ་མཐུན་པ་ནི་དེ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཡོངས་སུ་གཡོ་བའོ། ། 2. བརྩོན་འགྲུས་ཐམས་ཅད་ནི། རྣམ་པ་གཉིས་ཏེ། (1)ཁྱིམ་པའི་ཕྱོགས་ལ་བརྟེན་པའི་བརྩོན་འགྲུས། (2)རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། ། དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། [1]གོ་ཆའི་བརྩོན་འགྲུས། [2]དགེ་བའི་ཕྱོགས་ཀྱི་ཆོས་སྡུད་པ། [3]སེམས་ཅན་གྱི་དོན་བྱེད་པའོ། ། 3. དཀའ་བའི་བརྩོན་འགྲུས་ནི། རྣམ་པ་གསུམ་སྟེ། (1)གོས་དང་ཟས་དང་མལ་ཆ་དང་སྟན་དང་བདག་ཏུ་འདུ་ཤེས་ཀྱང་མི་བྱེད་པར་དགེ་བའི་ཆོས་རྣམས་བསྒོམ་པ་ལ་རྟག་ཏུ་རྒྱུན་མི་འཆད་པར་ཞུགས་པ། (2)རིགས་མཐུན་པ་མ་བོར་གྱི་བར་དུ་དུས་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དེས་ཞུགས་པ། (3)མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོན་ཏན་དང་ལྡན་པ་ཧ་ཅང་ཞུམ་པ་ཡང་མ་ཡིན། ཧ་ཅང་གཏུགས་པ་ཡང་མ་ཡིན་ལ་ཕྱིན་ཅི་མ་ལོག་ཅིང་དོན་དང་ལྡན་པའི་བརྩོན་འགྲུས་དང་ལྡན་པའོ། ། 4. ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་ནི། རྣམ་པ་བཞི་སྟེ། (1)ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ། (2)དཀར་པོའི་ཆོས་སྒྲུབ་པར་བྱེད་པ། (3)ལས་ཡོངས་སུ་དག་པར་བྱེད་པ། (4)ཤེས་པ་རྣམ་པར་འཕེལ་བར་བྱེད་པའོ། ། 5. སྐྱེས་བུ་དམ་པའི་བརྩོན་འགྲུས་ནི། རྣམ་པ་ལྔ་སྟེ། (1)མ་བཏང་བ། (2)ཉམས་པ་མྱོང་བ། (3)ཞུམ་པ་མེད་པ། (4)ཕྱིན་ཅི་མ་ལོག་པ། (5)བསྟུན་ཏེ་སྦྱོར་བའོ། ། 6. རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་ནི། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་སྟེ། དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། (1)རྟག་པའི་བརྩོན་འགྲུས། (2)གུས་པའི་བརྩོན་འགྲུས། (3)རྒྱུ་མཐུན་པའི་བརྩོན་འགྲུས། (4)སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས། (5)མི་འཁྲུགས་པའི་བརྩོན་འགྲུས། (6)ཆོག་མི་ཤེས་པའི་བརྩོན་འགྲུས་སོ། ། རྣམ་པ་བདུན་ནི། (1)འདུན་པ་དང་ལྡན་པ། (2)མཐུན་པ་དང་ལྡན་པ། (3)ཁྱད་པར་ཅན་དང་ལྡན་པ། (4)ཚོལ་བ་པོ་དང་ལྡན་པ། (5)བསླབ་པའི་བརྩོན་འགྲུས་དང་ལྡན་པ། (6)བདག་ཉིད་ཀྱིས་ཡང་དག་པར་སྦྱོར་བ། (7)ཀུན་ནས་སྲུང་ཞིང་འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་པའི་བརྩོན་འགྲུས་སོ། ། 7. ཕོངས་ཤིང་འདོད་པ་ལ་བརྩོན་འགྲུས་ནི། རྣམ་པ་བརྒྱད་དེ། (1)སློང་མོ་བ་སྡུག་བསྔལ་བ་རྣམས་ལ་སློང་བའི་སྣོད་ལ་མངོན་པར་སྤྲོ་བ། (2)སེམས་ཅན་མ་རུངས་པའི་སྡིག་པ་ཆེན་པོའི་ལས་བྱས་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དེ་དང་བྲལ་བའི་ཕྱིར་མངོན་པར་སྤྲོ་བ། (3)རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དེ་དང་བྲལ་བའི་མངོན་པར་སྤྲོ་བ། (4)བཙལ་བ་རྣམ་པ་ལྔ་པོ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པ། (5)ཆོས་རྣམས་ཡོངས་སུ་བཙལ་བ། (6)ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ། (7)ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ། (8)སེམས་ཅན་གྱི་དོན་བྱེད་པ་དང་། བྱ་བ་རྣམས་ཡང་དག་པར་གྲོགས་སུ་འགྲོ་བའི་བཙལ་བ་མངོན་པར་སྤྲོ་བའོ། ། 8. འདི་དང་གཞན་དུ་བདེ་བར་འགྱུར་བའི་བརྩོན་འགྲུས་ནི། རྣམ་པ་དགུ་སྟེ། (1)གྲང་བའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (2)ཚ་བའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (3)བཀྲེས་པའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (4)སྐོམ་པའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (5)སྦྲང་བུས་ཟིན་པ་དང་། ཤ་སྦྲང་གིས་ཟིན་པའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (6)སྡིག་སྦྲུལ་གྱི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (7)རླུང་དང་ཉི་མའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (8)ལུས་དང་སེམས་དུབ་པའི་སྡུག་བསྔལ་ལ་མངོན་པར་སྤྲོ་བ། (9)འཁོར་བའི་སྡུག་བསྔལ་ལ་མངོན་པར་སྤྲོ་བའོ། ། 9. རྣམ་པར་དག་པའི་བརྩོན་འགྲུས་ནི། རྣམ་པ་བཅུ་སྟེ། (1)འཚམ་པ། (2)གོམས་པ། (3)མི་གཡེང་བ། (4)ལེགས་པར་ཟིན་པ། (5)དུས་སུ་གོམས་པར་བརྩོན་པ། (6)མཚན་མ་རྟོག་པ་དང་ལྡན་པ། (7)ཞུམ་པ་མེད་པ། (8)སྙོམས་པ། (9)བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའོ། ། (སྐབས་འདིར་བརྩོན་འགྲུས་གཅིག་ཆད་པ་དཔྱད) |
Tibetan Source | 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་279ན་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |