8617
Tibetan | བཟོད་པ་རྣམ་པ་དགུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།
1. བཟོད་པའི་ངོ་བོ་ཉིད་ནི། ཁྱད་པར་རྣམ་པ་བཞི་སྟེ། རྟེན་གྱི་ཁྱད་པར། གནས་ཀྱི་ཁྱད་པར། དམིགས་པའི་ཁྱད་པར། རྒྱུའི་ཁྱད་པར་དང་ལྡན་པའི་ཇི་མི་སྙམ་པ་དང་བཞིའོ། ། (1)རྟེན་གྱི་ཁྱད་པར་ནི། སོ་སོར་བརྟགས་པའི་སྟོབས་དང་། བསྒོམས་པའི་སྟོབས་ལ་བརྟེན་པའོ། ། (2)གནས་ཀྱི་ཁྱད་པར་ནི་སེམས་ཅན་མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཐམས་ཅད་གནས་པའོ། ། (3)དམིགས་པའི་ཁྱད་པར་ནི་གནོད་པ་དང་། སྡུག་བསྔལ་བ་དང་། ཆོས་ལ་རྟོག་པ་ཐམས་ཅད་ལ་དམིགས་པའོ། ། (4)རྒྱུའི་ཁྱད་པར་ནི་ཟང་ཟིང་མེད་པའི་སེམས་དང་སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པའོ། ། 2. བཟོད་པ་ཐམས་ཅད་ནི། རྣམ་པ་གཉིས་ཏེ། (1)ཁྱིམ་པའི་ཕྱོགས་ལ་བརྟེན་པའི་བཟོད་པ། (2)རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་བཟོད་པའོ། ། དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། (1)གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ། (2)སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། (3)ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་མོ། ། 3. དཀའ་བའི་བཟོད་པ་ནི། རྣམ་པ་གསུམ་སྟེ། (1)སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ། (2)བདག་ཉིད་རྗེ་དཔོན་དུ་གྱུར་པ་བྲན་གཡོག་གིས་གནོད་པ་བྱས་པ་བཟོད་པ། (3)སེམས་ཅན་བདག་པས་རིགས་དང་རུས་ཆེས་དམན་པ་དག་གིས་གནོད་པ་བྱས་པ་བཟོད་པའོ། ། 4. ཐམས་ཅད་ཀྱི་སྒོ་ནས་བཟོད་པ་ནི། རྣམ་པ་བཞི་སྟེ། (1)མཛའ་བོ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ། (2)མི་མཛའ་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ། (3)ཐ་མལ་པ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ། (4)གསུམ་ཆར་གྱིས་དམའ་བ་དང་། མཚུངས་པ་དང་ལྷག་པ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པའོ། ། 5. སྐྱེས་བུ་དམ་པའི་བཟོད་པ་ནི། རྣམ་པ་ལྔ་སྟེ། (1)བཟོད་པ་ལ་ཕན་ཡོན་དུ་ལྟ་བ། (2)བདག་ཉིད་ཀྱིས་ཀྱང་བཟོད་པ། (3)གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ། (4)བཟོད་པའི་བསྔགས་པ་བརྗོད་པ། (5)གང་ཟག་བཟོད་པ་ཅན་མཐོང་བ་ཡང་ཡིད་དགའ་བའོ། ། 6. རྣམ་པ་ཐམས་ཅད་ཀྱི་བཟོད་པ་ནི། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་སྟེ། ཡོན་ཏན་རྣམ་པ་དྲུག་ནི། (1)རྣམ་པར་སྨིན་པས་འཇིགས་པས་བཟོད་པ། (2)བྱམས་པས་བཟོད་པ། (3)བྱང་ཆུབ་འདོད་པའི་རྒྱུས་བཟོད་པ། (4)ཆོས་ཡང་དག་པར་བླངས་པས་བཟོད་པ། (5)རང་བཞིན་གྱིས་བཟོད་པ། (6)ཆོས་ལ་ངེས་པར་བསམ་པས་བཟོད་པའོ། ། རྣམ་པ་བདུན་ནི། (1)གནོད་པའི་རྣམ་པ་ཐམས་ཅད་ཀྱིས་བཟོད་པ། (2)ཡུལ་གྱི་རྣམ་པ་ཐམས་ཅད་ཀྱིས་བཟོད་པ། (3)དུས་ཀྱི་རྣམ་པ་ཐམས་ཅད་ཀྱིས་བཟོད་པ། (4)གནས་སྐབས་ཀྱི་རྣམ་པ་ཐམས་ཅད་ཀྱིས་བཟོད་པ། (5)ལུས་ཀྱི་རྣམ་པ་ཐམས་ཅད་ཀྱིས་བཟོད་པ། (6)ངག་གི་རྣམ་པ་ཐམས་ཅད་ཀྱིས་བཟོད་པ། (7)ཡིད་ཀྱི་རྣམ་པ་ཐམས་ཅད་ཀྱིས་བཟོད་པའོ། ། 7. ཕོངས་ཤིང་འདོད་པ་ལ་བཟོད་པ་ནི། རྣམ་པ་བརྒྱད་དེ། (1)སློང་མོ་བ་སྡུག་བསྔལ་བ་རྣམས་ལས་སློང་བའི་བཟོད་པ། (2)སེམས་ཅན་མ་རུངས་པ་སྡིག་པ་ཆེན་པོའི་ལས་བྱེད་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཀུན་ནས་མནར་སེམས་མི་བྱེད་པའི་བཟོད་པ། (3)རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཀུན་ནས་མནར་སེམས་མི་བྱེད་པ། (4)བརྩལ་བ་ལྔ་པོ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པ། (5)ཆོས་རྣམས་ཡོངས་སུ་བཙལ་བ། (6)ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ། (7)ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ། (8)སེམས་ཅན་གྱི་བྱེད་པ་རྣམས་དང་། བྱ་བ་རྣམས་ལ་ཡང་དག་པའི་གྲོགས་སུ་འགྲོ་བའི་བཙལ་བ་མི་བརྗོད་པའོ། ། 8. འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་ནི། རྣམ་པ་དགུ་སྟེ། (1)གྲང་བ་བཟོད་པ། (2)ཚ་བ་བཟོད་པ། (3)བཀྲེས་པ་དང་། སྐོམ་པ་བཟོད་པ། (4)སྦྲང་བུས་ཟིན་པ་བཟོད་པ། (5)ཤ་སྦྲང་གིས་ཟིན་པ་བཟོད་པ། (6)རླུང་དང་ཉི་མའི་གནོད་པ་བཟོད་པ། (7)སྡིག་སྲུལ་གྱིས་གཙེས་པ་བཟོད་པ། (8)ལུས་དང་། སེམས་དུབ་པ་བཟོད་པ། (9)འཁོར་བའི་སྡུག་བསྔལ་བཟོད་པའོ། ། 9. རྣམ་པར་དག་པའི་བཟོད་པ་རྣམ་པ་བཅུ་སྟེ། (1)གནོད་པ་བྱས་པ་ལ་ཕྱིས་གནོད་པ་དང་། འཁྲུག་པ་དང་། དགྲའི་བསམ་པ་མི་འཛིན་པ། (2)སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་པ། (3)གནོད་པར་བྱེད་པ་རྣམས་ལ་ཡང་བདག་ཉིད་ཀྱིས་ཤད་ཀྱིས་བྱང་བར་བྱེད་པ། (4)མི་དགའ་བར་བྱས་པ་ནི་མི་དགའ་བར་གྱུར་ཀྱང་རུང་ཞེས་གཞན་དག་འཆགས་སུ་མི་གཞུག་པ། (5)དེ་ཉིད་ཀྱི་རྐྱེན་བྱས་ནས་མི་བཟོད་པ་ལས་བརྩམས་ཏེ། ཤས་ཆེར་ངོ་ཚ་ཤེས་པ། (6)ཁྲེལ་ཡོད་པ་དང་ལྡན་པ། (7)བཟོད་པ་ལས་བརྩམས་ཏེ་སྟོན་པ་ལ་ཤས་ཆེར་སྡུག་པར་འཛིན་ཅིང་གུས་པ་དང་ལྡན་པ། (8)སེམས་ཅན་ལ་རྣམ་པར་ཐོ་མི་འཚམས་པ་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཤས་ཆེར་སྙིང་རྗེ་བའི་བསམ་པ་དང་ལྡན་པ། (9)མི་བཟོད་པའི་ཆོས་གྲོགས་དང་བཅས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བ་དང་དགུའོ། ། (སྐབས་འདིར་རྣམ་པ་གཅིག་ཆད་འདྲ་བ་དཔྱད) |
Tibetan Source | 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་278ན་4ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |