8638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཤེས་རབ་རྣམ་པ་དགུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1. ཤེས་རབ་ཀྱི་ངོ་བོ་ཉིད་ནི། རྣམ་པ་གསུམ་སྟེ། (1)རྣམ་པར་གཞག་པ་ནི། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་། ཤེས་བྱ་ཐམས་ཅད་ལ་ཞུགས་པའོ། ། (2)ངོ་བོ་ཉིད་ནི། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའོ། ། (3)དམིགས་པས་རབ་ཏུ་ཕྱེ་བའི་ཆོས་རབ་ཏུ་རྣམ་པར་དབྱེ་བ་ནི། རིག་པའི་གནས་ལྔ་ལ་དམིགས་ནས་འཇུག་པའོ། ། 2. ཤེས་རབ་ཐམས་ཅད་ནི། རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཤེས་རབ། འཇིག་རྟེན་ལས་འདས་པའི་ཤེས་རབ་བོ། ། དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། (1)ཤེས་བྱ་ལ་དེ་ཁོ་ན་ཁོང་དུ་ཆུད་པའི་རྟོག་པར་བྱེད་པ། (2)རིག་པའི་གནས་ལྔ་དང་། ཚོགས་གསུམ་ལ་མཁས་པར་བྱེད་པ། (3)སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་བོ། ། 3. དཀའ་བའི་ཤེས་རབ་ནི། རྣམ་པ་གསུམ་སྟེ། (1)ཆོས་བདག་མེད་པ་ཟབ་མོ་ཤེས་པར་དཀའ་བ་ཤེས་པའི་ཤེས་རབ། (2)སེམས་ཅན་རྣམས་གདུལ་བའི་ཐབས་ཤེས་པར་དཀའ་བ་ཤེས་པའི་ཤེས་རབ། (3)ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པ་ཤེས་པ་མཆོག་ཏུ་དཀའ་བ་ཤེས་པའི་ཤེས་རབ་བོ། ། 4. ཐམས་ཅད་ཀྱི་སྒོ་ནས་ཤེས་རབ་ནི། རྣམ་པ་བཞི་སྟེ། (1)ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ། (2)བསམས་པ་པ་ལས་བྱུང་བའི་ཤེས་རབ། (3)སོ་སོར་བརྟགས་ནས་བྱང་ཆུབ་སེམས་དཔའི་བྱ་བ་ལ་འཇུག་པ་དང་། བྱ་བ་མ་ཡིན་པ་ལས་ལྡོག་པ་སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་ཤེས་རབ། (4)བསྒོམས་པའི་སྟོབས་ཀྱིས་བསྡུས་པ་མཉམ་པར་གཞག་པའི་ཤེས་རབ་ཚད་མེད་པའོ། ། 5. སྐྱེས་བུ་དམ་པའི་ཤེས་རབ་ནི། རྣམ་པ་ལྔ་སྟེ། (1)དམ་པའི་ཆོས་མཉན་པས་ཡང་དག་པར་ཐོབ་པ། (2)སོ་སོར་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ། (3)བདག་དང་གཞན་གྱི་དོན་བསྒྲུབ་པའི་ཐབས་དང་ལྡན་པ། (4)ཆོས་རྣམས་ཀྱི་ཆོས་གནས་པ་ཕྱིན་ཅི་མ་ལོག་པ་ལས་བརྩམས་ཏེ། ཤིན་ཏུ་རྣམ་པར་གཏན་ལ་འབེབས་པའི་ཤེས་རབ། (5)ཉོན་མོངས་པ་རྣམ་པར་སྤངས་པའི་ཤེས་རབ་བོ། ། རྣམ་གྲངས་གཞན་ཡང་། (1)ཤེས་བྱ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་འཇུག་པའི་ཕྱིར་ཆ་ཕྲ་བ། (2)ཤེས་བྱ་ཇི་སྙེད་ཡོད་པ་དེ་ཉིད་ལ་འཇུག་པའི་མཁས་པ། (3)ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་ཕྱིར་ལྷན་ཅིག་སྐྱེས་པ། (4)སངས་རྒྱས་རྣམས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྟན་པའི་ཆོས་དང་། དོན་ལེན་ཅིང་འཛིན་པའི་ཕྱིར་ལུང་དང་ལྡན་པ། (5)བསམ་པ་དག་པའི་ས་ཡན་ཆད་མཐར་ཐུག་པར་འགྲོ་བའི་ས་མན་ཆད་ཡོངས་སུ་གཟུང་བའི་ཕྱིར་རྟོག་པ་དང་ལྡན་པ་དང་ལྔའོ། ། 6. རྣམ་པ་ཐམས་ཅད་ཀྱི་ཤེས་རབ་ནི། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་སྟེ། རྣམ་པ་དྲུག་ནི། (1)བདེན་པ་རྣམས་ལ་སྡུག་བསྔལ་ཤེས་པ། (2)ཀུན་འབྱུང་བ་ཤེས་པ། (3)འགོག་པ་ཤེས་པ། (4)ལམ་ཤེས་པ། (5)མཐར་ཐུག་པ་ཟད་པ་ཤེས་པ། (6)མི་སྐྱེ་བ་ཤེས་པའོ། ། རྣམ་པ་བདུན་ནི། (1)ཆོས་ཤེས་པ། (2)རྗེས་སུ་རྟོག་པ་ཤེས་པ། (3)ཀུན་རྫོབ་ཤེས་པ། (4)མངོན་པར་ཤེས་པ་ཤེས་པ། (5)མཚན་ཉིད་ཤེས་པ། (6)སྟོབས་བཅུ་སྔོན་དུ་འགྲོ་བ་ཤེས་པ། (7)རིགས་པ་བཞི་པོ་དག་ལ་རིགས་པ་ཤེས་པའོ། ། 7. ཕོངས་ཤིང་འདོད་པ་ལ་ཤེས་རབ་ནི། རྣམ་པ་བརྒྱད་དེ། (1)ཆོས་རྣམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་རིག་པ། (2)ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་ལས་བརྩམས་ཏེ། དོན་སོ་སོ་ཡང་དག་པར་རིག་པ། (3)ཆོས་རྣམས་ཀྱི་ངེས་པའི་ཚིག་ཤེས་པ་ལས་བརྩམས་ཏེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། (4)ཆོས་རྣམས་ཀྱི་རྣམ་པའི་གཞི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ། (5)ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ། (6)བདག་གི་སྨྲ་བ་རྣམ་པར་གཞག་པ་ཐམས་ཅད་རྣམ་པར་འཇོག་པའི་ཤེས་རབ། (7)ཁྱིམ་པའི་རྒྱུད་ལེགས་པར་བསྐྱང་བ་དང་། ཁྱིམ་འབྱོར་པར་བྱ་བའི་ཤེས་རབ། (8)རྒྱལ་པོའི་ཚུལ་དང་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་རྣམས་ལ་བྱང་ཆུབ་སེམས་དཔའི་ངེས་པའི་ཤེས་རབ་བོ། ། 8. འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབ་ནི། རྣམ་པ་དགུ་སྟེ། (1)ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ། (2)གསོ་བའི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ། (3)གཏན་ཚིགས་ཀྱི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ། (4)སྒྲའི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ། (5)འཇིག་རྟེན་པའི་བཟོ་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ། (6)ལས་ཀྱི་གནས་ཀྱི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ལ་རབ་ཏུ་གནས་པ་མ་ཡིན་པའི་ཤེས་རབ། (7)རིག་པའི་གནས་ལྔ་པོ་ཤིན་ཏུ་བྱང་བ་དེ་དག་ཉིད་ལ་བརྟེན་ནས་གདུལ་བ་རྨོངས་པ་རྣམས་དང་། བག་མེད་པ་རྣམས་དང་། ཞུམ་པ་རྣམས་དང་། ཡང་དག་པར་ཞུགས་པ་གཞན་དག་ལ་གོ་རིམ་བཞིན་དུ་ཡང་དག་པར་འཛིན་དུ་ཞུགས་པ། (8)ཡང་དག་པར་གཟེངས་བསྟོད་པ། (9)ཡང་དག་པར་རབ་ཏུ་དགའ་བར་བྱ་བ་བྱང་ཆུབ་སེམས་དཔའི་ཤེས་རབ་གང་ཡིན་པའོ། ། 9. རྣམ་པར་དག་པའི་ཤེས་རབ་ནི། རྣམ་པ་བཅུ་སྟེ། (1)དེ་ཁོ་ནའི་དོན་ཇི་སྙེད་པ་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་འཛིན་པའི་དེ་ཁོ་ནའི་དོན་རྣམ་པ་གཉིས། (2)རྒྱུ་དང་འབྲས་བུ་ལེགས་པར་འཛིན་པའི་ཕྱིར་འཇུག་པའི་དོན་རྣམ་པ་གཉིས། (3)ཕྱིན་ཅི་མ་ལོག་པ་དང་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ལན་པའི་དོན་རྣམ་པ་གཉིས། (4)བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ཐབས་ཀྱི་དོན་རྣམ་པ་གཉིས། (5)ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རྣམ་པར་བྱང་བའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་འཇུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ་ཤེས་རབ་ཀྱི་རྣམ་པ་ལྔའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་པོ་དེ་དག་ནི། རྣམ་པར་དག་པ་མཆོག་གི་རྣམ་པར་རིག་པར་བྱའོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་282ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number