8652
Tibetan | སེམས་གནས་པ་རྣམ་པ་དགུ། |
---|---|
Tibetan Alternate | |
Tibetan Definition | རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་ཁག་གཅིག་སྟེ།
1. འདི་ལ་དགེ་སློང་ཇི་ལྟར་སེམས་ནང་ཁོ་ནར་འཇོག་པོར་བྱེད་པ་ནི། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་དག་པར་བསྡུས་ཏེ། རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་ནང་དུ་ཉེ་བར་གཏོད་པར་བྱེད་པ་སྟེ། རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོར་ཉེ་བར་གཏད་པ་གང་ཡིན་པ་དེ་ནི་འཇོག་པར་བྱེད་པ་ཡིན་ནོ། ། 2. ཇི་ལྟར་ཡང་དག་པར་འཇོག་པར་བྱེད་པ་ནི། དང་པོ་ཉེ་བར་གཏོད་པའི་སེམས་གང་ཡིན་པ་དེ། གཡོ་བ་དང་། རགས་པ་དང་། ཡང་དག་པར་མི་གནས་པ་དང་། ཡོངས་སུ་མི་གནས་པར་གྱུར་ན། དེ་དམིགས་པ་དེ་ཉིད་ལ་གཏད་པའི་ཚུལ་དང་། དང་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས། ཕྲ་བར་བྱེད་ཅིང་མངོན་པར་གཡེང་བར་མི་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་འཇོག་པར་བྱེད་པ་འཇོག་པར་བྱེད་པ་ཡིན་ནོ། ། 3. ཇི་ལྟར་བསྡུས་ཏེ་འཇོག་པར་བྱེད་པ་ནི། དེ་ལྟར་དེའི་སེམས་གཞག་པ་དང་ཡང་དག་པར་གཞག་པ་དེ་གལ་ཏེ་བརྗེད་ངས་པས་ཕྱི་རོལ་དུ་རྣམ་པར་གཡེང་བར་གྱུར་ན། དེས་ཡང་ཕྱིར་དེ་ ཉིད་ལ་སྡུད་པར་བྱེད་དེ། དེ་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ནོ། ། 4. ཇི་ལྟར་ཉེ་བར་འཇོག་པར་བྱེད་པ་ནི། དང་པོ་ཁོ་ནར་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་གཞག་སྟེ། གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཅི་ནས་ཀྱང་དེའི་སེམས་དེའི་ཕྱི་རོལ་དུ་མི་འཕྲོ་བར་བྱེད་དེ། དེ་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ། ། 5. ཇི་ལྟར་དུལ་བར་བྱེད་པ་ནི། འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་མཚན་མ་དག་གམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། བུད་མེད་དང་སྐྱེས་པའི་མཚན་མ་གང་དག་གིས། དེའི་སེམས་རྣམ་པར་གཡེངས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་བཟུང་བ་ཉིད་ཀྱི་དབང་དུ་བྱས་ནས། མཚན་མ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་དུལ་བར་བྱེད་པ་ཡིན་ནོ། ། 6. ཇི་ལྟར་ཞི་བར་བྱེད་པ་ནི། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་གང་དག་དང་། འདོད་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་གིས་དེའི་སེམས་ཀུན་ཏུ་འཁྲུགས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་གཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་དེའི་སེམས་དེ་རྣམ་པར་རྟོག་པ་གང་དག་དང་། ཉེ་བའི་ཉོན་མོངས་པ་དེ་ལ་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་ཞི་བར་བྱེད་པ་ཡིན་ནོ། ། 7. ཇི་ལྟར་ཉེ་བར་ཞི་བར་བྱེད་པ་ནི། དེ་བརྗེད་ངས་པའི་ཕྱིར་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་དེ་གཉི་ག་ཀུན་འབྱུང་བར་གྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད་དེ། དེ་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། ། 8. ཇི་ལྟར་རྒྱུད་གཅིག་ཏུ་བྱེད་པ་ནི། མངོན་པར་འདུ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང་། རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དེ། དེ་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ནོ། ། 9. ཇི་ལྟར་ཏིང་ངེ་འཛིན་དུ་བྱེད་པ་ནི། ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་། རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས། དེའི་སེམས་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་132བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |