8661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསམ་གཏན་རྣམ་པ་དགུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1. བསམ་གཏན་གྱི་ངོ་བོ་ཉིད་ནི། ཁྱད་པར་རྣམ་པ་བཞི་སྟེ། (1)རྟེན་གྱི་ཁྱད་པར་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། བསམས་པ་སྔོན་དུ་འགྲོ་བའོ། ། (2)རྣམ་པའི་ཁྱད་པར་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། ། (3)ངོ་བོ་ཉིད་ཀྱི་ཁྱད་པར་ནི། སེམས་རྩེ་གཅིག་པ་དགེ་བ་ལ་སེམས་གནས་པའོ། ། (4)ཕྱོགས་ཀྱིས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་ཉིད་ཁྱད་པར་ནི། ཞི་གནས་ཀྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་དང་། ཟུང་དུ་འབྲེལ་བའི་ལམ་གྱི་ཕྱོགས་གང་ཡིན་པའོ། ། 2. བསམ་གཏན་ཐམས་ཅད་ནི། རྣམ་པ་གཉིས་ཏེ། (1)འཇིག་རྟེན་པའི་བསམ་གཏན། (2)འཇིག་རྟེན་ལས་འདས་པའི་བསམ་གཏན་ནོ། ། དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། [1]ཚེ་འདི་ལ་བདེ་བར་གནས་པའི་བསམ་གཏན། [2]བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་བསྒྲུབ་པའི་བསམ་གཏན། [3]སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་དང་གསུམ་མོ། 3. དཀའ་བའི་བསམ་གཏན་ནི། རྣམ་པ་གསུམ་སྟེ། (1)བྱང་ཆུབ་སེམས་དཔའ་བསམ་གཏན་ལ་གནས་པ་མངོན་པར་བསྒྲུབ་པ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་ཤིན་ཏུ་འདྲིས་པ་དག་གི་གནས་ནས་རང་དགར་བསམ་གཏན་གྱི་བདེ་བ་མཆོག་དེ་བཟློག་སྟེ། སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བ། (2)བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བསམ་གཏན་དཔག་ཏུ་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་འདས་པ་མངོན་པར་བསྒྲུབ་པ། (3)བྱང་ཆུབ་སེམས་དཔའི་བསམ་གཏན་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་པའོ། ། 4. ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་ནི། རྣམ་པ་བཞི་སྟེ། (1)རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། (2)དགའ་བ་དང་ལྡན་པ། (3)རིམ་(ཚིམ་)པའི་བདེ་བ་དང་ལྡན་པ། (4)བཏང་སྙོམས་དང་ལྡན་པའོ། ། 5. སྐྱེས་བུ་དམ་པའི་བསམ་གཏན་ནི། རྣམ་པ་ལྔ་སྟེ། (1)རོ་མྱོང་བ་མེད་པ། (2)བྱམས་པ་དང་ལྡན་པ། (3)སྙིང་རྗེ་དང་ལྡན་པ། (4)དགའ་བ་དང་ལྡན་པ། (5)བཏང་སྙོམས་དང་ལྡན་པའོ། ། 6. རྣམ་པ་ཐམས་ཅད་ཀྱི་བསམ་གཏན་ནི། རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བཅུ་གསུམ་སྟེ། དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། (1)དགེ་བའི་བསམ་གཏན། (2)སྤྲུལ་པ་དང་སྤྲུལ་པ་ལ་ལུང་དུ་མ་བསྟན་པའི་བསམ་གཏན། (3)ཞི་གནས་ཕྱོགས་ཀྱི་བསམ་གཏན། (4)ལྷག་མཐོང་ཕྱོགས་ཀྱི་བསམ་གཏན། (5)བདག་དང་གཞན་གྱི་དོན་ལེགས་པར་ངེས་པའི་བསམ་གཏན། (6)མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་ནོ། ། རྣམ་པ་བདུན་ནི། (1)མིང་ལ་དམིགས་པ། (2)དོན་ལ་དམིགས་པ། (3)ཞི་གནས་ཀྱི་མཚན་མ་ལ་དམིགས་པ། (4)རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པ། (5)བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པ། (6)ཚེ་འདི་ལ་བདེ་བར་གནས་པ། (7)གཞན་གྱི་དོན་བྱ་བའི་བསམ་གཏན་ནོ། ། 7. ཕོངས་ཤིང་འདོད་པ་ལ་བསམ་གཏན་ནི། རྣམ་པ་བརྒྱད་དེ། (1)དུག་དང་། ཐོག་དང་། རིམས་དྲག་པོ་དང་། འབྱུང་བ་དང་། གདོན་ལ་སོགས་པའི་གནོད་པ་ཡང་དག་པར་ཞི་བ་བསྒྲུབ་པའི་གསང་སྔགས་རྣམས་བྱིན་གྱིས་རློབ་པའི་བསམ་གཏན། (2)ཁམས་འཁྲུག་པ་ལས་གྱུར་པའི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱེད་པའི་བསམ་གཏན། (3)མུ་གེའི་ངུ་འབོད་ཆེན་པོ་དག་བྱུང་བའི་ཚེ་ཆར་སྒྲུབ་པར་བྱེད་པའི་བསམ་གཏན། (4)མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ་སྣ་ཚོགས་ཆུ་དང་སྐོམ་ལ་ཡོད་པ་རྣམས་ལས་ལེགས་པར་ཡོངས་སུ་བསྒྲུབ་པའི་བསམ་གཏན། (5)འབྲོག་དགོན་པ་ལ་གནས་པ་ཟས་དང་སྐོམ་གྱིས་ཕོངས་པ་རྣམས་ལ་ཟས་སྐོམ་ཉེ་བར་བསྒྲུབ་པའི་བསམ་གཏན། (6)དབུལ་པོ་ལོངས་སྤྱོད་མེད་པ་རྣམས་ཀྱི་ལོངས་སྤྱོད་ཉེ་བར་བསྒྲུབ་པའི་བསམ་གཏན། (7)ཕྱོགས་བཅུ་དག་ན་སེམས་ཅན་བག་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན། (8)སེམས་ཅན་གྱི་དོན་བྱ་བ་འབྱུང་ངོ་ཅོག་ལེགས་པར་བྱ་བའི་བསམ་གཏན་དང་བརྒྱད་དོ། ། 8. འདི་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་ནི། རྣམ་པ་དགུ་སྟེ། (1)རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན། (2)ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན། (3)སྡིག་པ་བྱེད་པ་རྣམས་ལ་ངན་སོང་གིས་རྣམ་པར་སྟོན་པའི་བསམ་གཏན། (4)སེམས་ཅན་སྤོབས་པ་མེད་པ་རྣམས་ལ་སྤོབས་པ་ཉེ་བར་བསྒྲུབ་པའི་བསམ་གཏན། (5)སེམས་ཅན་བརྗེད་ངས་པ་རྣམས་ལ་དྲན་པ་ཉེ་བར་སྒྲུབ་པའི་བསམ་གཏན། (6)དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་དང་། སྙན་དངགས་དང་། མ་མོ་སྦྱོར་བ་རྣམ་པར་གཞག་པའི་བསམ་གཏན། (7)འཇིག་རྟེན་པ་རྣམས་ཀྱི་བཟོ་དང་ལས་ཀྱི་གནས་དོན་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་པ་རྣམས་དང་། ཡི་གེ་དང་རྩིས་དང་ཤོད་འགོད་པ་དང་། གྲངས་དང་རྩིས་ལ་སོགས་པ་དང་། ཁྲི་དང་། ཁྲིའུ་དང་། གདུགས་དང་ལྷམ་ལ་སོགས་པ་འབྱུང་བར་བྱེད་པའི་བསམ་གཏན། (8)ནོད་བྱེད་(སྣོད་སྤྱད་)རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར་བྱེད་པའི་བསམ་གཏན། (9)སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་དེའི་མོད་ལ་བསལ་བའི་ཕྱིར་འོད་ཟེར་འགྱེད་པའི་བསམ་གཏན་དང་དགུའོ། ། 9. རྣམ་པར་དག་པའི་བསམ་གཏན་ནི། རྣམ་པ་བཅུ་སྟེ། (1)འཇིག་རྟེན་པའི་རྣམ་པར་དག་པས་རྣམ་པར་དག་པར་རོ་མྱང་བ་མེད་པའི་བསམ་གཏན། (2)འཇིག་རྟེན་ལས་འདས་པའི་དག་པས་དག་པ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན། (3)སྦྱོར་བའི་དག་པས་རྣམ་པར་དག་པའི་བསམ་གཏན། (4)དངོས་གཞི་ཐོབ་པས་དག་པས་རྣམ་པར་དག་པའི་བསམ་གཏན། (5)དངོས་གཞི་ལས་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན། (6)འཇུག་པ་དང་། གནས་པ་དང་། ལྡང་བ་ལ་དབང་བ་རྣམ་པར་དག་པའི་བསམ་གཏན། (7)བསམ་གཏན་བཟློག་ནས་ཡང་སྙོམས་པར་འཇུག་པ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན། (8)མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ལ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན། (9)ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན། (10)ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་ནས་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་ནོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་280ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number