8752
| Tibetan | མགོ་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མགོ་བཅུ་སྟེ།
1. སྤྱི་གཙུག་བལྟར་མི་སྣང་བའི་ཕྱིར། མྱང་འདས་པའི་མགོ། 2. ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་འདུད་པར་བྱེད་པར་བྱ་བའི་ཕྱིར། བླ་མ་ལ་འདུད་པའི་མགོ། 3. སྟོང་གསུམ་ཐམས་ཅད་ཀྱི་བདག་པོར་འགྱུར་བའི་བྱ་བའི་ཕྱིར། མོས་པ་ཡངས་པའི་མགོ། 4. ཁམས་གསུམ་གྱིས་མཆོད་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བའི་མགོ། 5. གཙུག་ཏོར་དང་ལྡན་པའི་སྤྱི་བོ་འཐོབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་མགོ། 6. ཐམས་ཅད་དུ་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར། གཞན་གྱི་ལྟུང་བ་ལ་བརྙས་པ་མེད་པའི་མགོ། 7. སྤྱི་བོ་ལ་གནས་པའི་ཆོས་ཐོབ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མགོ། 8. སེམས་ཅན་ཐམས་ཅད་ཀྱི་མགོ་མཉམ་པར་ཡོངས་སུ་བསྟན་པའི་ཕྱིར། ཡེ་ཤེས་དང་ཐབས་སུ་ལྡན་པའི་མགོ། 9. འགྲོ་བ་ཐམས་ཅད་སློབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་མགོ། 10 .དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་ཚུལ་ཡོངས་སུ་བསྡུ་བའི་མགོའོ། ། |
| Tibetan Source | 《ཕལ་ཆེན་ང་པ་》ཤ་321བ་4ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |