8754
| Tibetan | འགྲོ་བ་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འགྲོ་བ་བཅུ་སྟེ།
1. འདི་ལྟར་ཆོས་འདོད་པས་ཆོས་ཉན་དུ་འགྲོ་བ། 2. སེམས་ཅན་གྱི་དོན་དུ་ཆོས་སྟོན་དུ་འགྲོ་བ། 3. རང་གི་སེམས་ངེས་པར་རྟོགས་པས་འདོད་པ་མེད་པ་དང་། སྡང་བ་མེད་པ་དང་། གཏི་མུག་མེད་པ་དང། འཇིགས་པ་མེད་པར་འགྲོ་བ། 4. སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཁམས་སུ་འགྲོ་བ། 5. མྱུར་དུ་ཕྱིར་ལྡོག་པར་བྱ་བས། གཟུགས་དང་། གཟུགས་མེད་པའི་སྙོམས་པ་འཇུག་པར་འགྲོ་བ། 6. ཤེས་རབ་མྱུར་བ་འཐོབ་པར་བྱ་བའི་ཕྱིར། དོན་དང་ཆོས་ཀྱི་རྒྱུད་དུ་འགྲོ་བ། 7. འདུལ་བའི་དབང་གིས་སྐྱེ་བ་ཐམས་ཅད་དུ་འགྲོ་བ། 8. དེ་བཞིན་གཤེགས་པ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་ཤེས་པས་འགྲོ་བ། 9. འཁོར་བའི་རྒྱུད་ཀྱི་རྒྱུན་མི་གཅད་པའི་ཕྱིར། མྱ་ངན་ལས་འདས་པའི་རྒྱུད་དུ་འགྲོ་བ། 10 .བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བར་འགྲོ་བའོ། ། |
| Tibetan Source | 《ཕུལ་ཆེན་ང་པ་》ཤ་325བ་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |