8794
Tibetan | ངེས་པར་འབྱུང་བའི་ལམ་གྱི་ཆོས་གཅིག་ཚན་ནས་བཅུ་ཚན་བར་ཚན་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དཀོན་བརྩེགས་ལེའུ་བཞི་པ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ལེའུ་ལས་བྱུང་བ་སྟེ།
1. གཅིག་ཚན་ནི། བགྲོད་པ་གཅིག་པུའི་ལམ་སྟེ། གང་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའོ། ། 2. གཉིས་ཚན་ནི། (1)ཞི་གནས། (2)ལྷག་མཐོང་ངོ་། ། 3. གསུམ་ཚན་ནི། (1)སྟོང་པ་ཉིད། (2)མཚན་མ་མེད་པ། (3)སྨོན་པ་མེད་པའོ། ། 4. བཞི་ཚན་ནི། (1)ལུས་སུ་གཏོགས་པའི་དྲན་པ། (2)ཚོར་བར་གཏོགས་པའི་དྲན་པ། (3)སེམས་སུ་གཏོགས་པའི་དྲན་པ། (4)ཆོས་སུ་གཏོགས་པའི་དྲན་པའོ། ། 5. ལྔ་ཚན་ནི། (1)དད་པའི་དབང་པོ། (2)བརྩོན་འགྲུས་ཀྱི་དབང་པོ། (3)དྲན་པའི་དབང་པོ། (4)ཏིང་ངེ་འཛིན་གྱི་དབང་པོ། (5)ཤེས་རབ་ཀྱི་དབང་པོའོ། ། 6. དྲུག་ཚན་ནི། (1)སངས་རྒྱས་རྗེས་སུ་དྲན་པ། (2)ཆོས་རྗེས་སུ་དྲན་པ། (3)དགེ་འདུན་རྗེས་སུ་དྲན་པ། (4)ཚུལ་ཁྲིམས་རྗེས་སུ་དྲན་པ། (5)གཏོང་བ་རྗེས་སུ་དྲན་པ། (6)ལྷ་རྗེས་སུ་དྲན་པའོ། ། 7. བདུན་ཚན་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་སྟེ། (1)དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (2)ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (3)བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག (4)དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (5)ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (6)ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག (7)བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ ། 8. བརྒྱད་ཚན་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། (1)ཡང་དག་པའི་ལྟ་བ། (2)ཡང་དག་པའི་རྟོག་པ། (3)ཡང་དག་པའི་ངག (4)ཡང་དགོ་པའི་ལས་མཐའ། (5)ཡང་དག་པའི་འཚོ་བ། (6)ཡང་དག་པའི་རྩོལ་བ། (7)ཡང་དག་པའི་དྲན་པ། (8)ཡང་དག་པའི་ཏིང་ངེ་འཛིན་ནོ། ། 9. དགུ་ཚན་ནི། མཆོག་ཏུ་དགའ་བའི་རྩ་བ་ལས་སྐྱེས་པའི་ཆོས་དགུ་སྟེ། (1)མཆོག་ཏུ་དགའ་བ། (2)དགའ་བ། (3)ཤིན་ཏུ་སྦྱངས་པ། (4)བདེ་བ། (5)ཏིང་ངེ་འཛིན། (6)ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ། (7)མྱ་ངན་ལས་འདས་པ། (8)འདོད་ཆགས་དང་བྲལ་བ། (9)རྣམ་པར་གྲོལ་བའོ། ། 10 .བཅུ་ཚན་ནི། དགེ་བ་བཅུའི་ལས་ཀྱི་ལམ་སྟེ། (1)སྲོག་གཅོད་པ་སྤངས་པ། (2)མ་བྱིན་པ་ལེན་པ་སྤངས་པ། (3)འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ། (4)བརྫུན་དུ་སྨྲ་བ་སྤངས་པ། (5)ཕྲ་མ་སྤངས་པ། (6)ངག་རྩུབ་པོ་སྤངས་པ། (7)ཚིག་ཀྱལ་པ་སྤངས་པ། (8)བརྣབ་སེམས་སྤངས་པ། (9)གནོད་སེམས་སྤངས་པ། (10)ཡང་དག་པར་ལྟ་བའོ། ། |
Tibetan Source | 《 དཀོན་བརྩེགས་ག་པ་》ཤ་112བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |