8798

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ལེའུ་ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ་སྟེ།

1. དེ་ལ་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་མངོན་པར་བསྟན་ཏེ། ཕྱག་གཡས་པ་བརྐྱང་ཞིང་། ཀྱེ་དེད་དཔོན་ཆེན་པོ། རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག ཅེས་གསུང་བརྗོད་དེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་པོའོ། ། 2. སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དགོངས་པ་དང་། བྱིན་གྱིས་རློབ་པ་ཡང་དག་པར་མཛད་དེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉིས་པའོ། ། 3. སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་འོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀུན་ནས་བསྐོར་ཅིང་མཆོད་པའི་ལས་རྣམ་པར་ཕྱེ་བ་རྣམ་པ་སྣ་ཚོགས་མངོན་པར་སྒྲུབ་པ་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གསུམ་པའོ། ། 4. སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྩྭ་དང་། གེལ་པ་དང་། སྡོང་པོ་དང་། ནགས་ཚལ་ཐམས་ཅད་ཀྱང་བསམ་པ་ཡོད་དོ་ལྟ་སྟེ། སྙིང་པོ་བྱང་ཆུབ་གང་ན་བར་དེར་འདུད་ཅིང་ཕྱག་འཚལ་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་པའོ། ། 5. བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཚེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་པའོ། ། 6. རྒྱ་མཚོ་མཆོག་གི་དམ་པ་དྲི་མ་མེད་ཅིང་ཀུན་ནས་སྣང་ལ་འོད་གསལ་བའི་སའི་སྙིང་པོ་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཆེན་པོ་ཀུན་ནས་གཡོགས་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དྲུག་པའོ། ། 7. སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོར་བྱ་བ་ཤིན་ཏུ་རྒྱ་ཆེན་པོ་རྣམས། དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་ཕྱིར་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་དུ་འབྱུང་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བདུན་པའོ། ། 8. སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡེ་ཤེས་མཆོག་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་དང་། སྤྱོད་པ་མངོན་དུ་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པའོ། ། 9. སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བློ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། ། ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ནམ་མཁའི་དབྱིངས་ཚད་མེད་པ་དང་། དུས་གསུམ་དུ་རྒྱས་པར་འགེངས་པའི་ལུས་ཀུན་ནས་གནས་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དགུ་པའོ། ། 10 .སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལས་དུས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་། ཡེ་ཤེས་ཆེན་པོ་ཆགས་པ་མེད་པ་རྡུལ་དང་བྲལ་བའི་སྣང་བ་དང་ལྡན་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ་པའོ། །

Tibetan Source 《ཕལ་ཆེན་ཅ་པ་》ཤ་3ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number