8888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་ལ་འཇུག་པ་བཅུས་སྟོང་པ་ཉིད་ཀྱི་མི་མཐུན་ཕྱོགས་ཁོང་དུ་ཆུད་པར་བྱ་བ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། མ་རིག་པ་མི་མཐུན་པའི་ཕྱོགས། སྲིད་པ་མི་མཐུན་པའི་ཕྱོགས། ལས་མི་མཐུན་པའི་ཕྱོགས། རྣམ་པར་ཤེས་པ་མི་མཐུན་པའི་ཕྱོགས། ལེན་པ་མི་མཐུན་པའི་ཕྱོགས། ལྟ་བ་མི་མཐུན་པའི་ཕྱོགས། ཐེ་ཚོམ་མི་མཐུན་པའི་ཕྱོགས། མཆོག་ཏུ་འཛིན་པ་མི་མཐུན་པའི་ཕྱོགས། ང་རྒྱལ་མི་མཐུན་པའི་ཕྱོགས། རྒོད་པ་མི་མཐུན་པའི་ཕྱོགས་ཏེ། རྣམ་པ་བཅུ་པོ་དེ་དག་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སོ། ། དེ་ལས།

1. མ་རིག་པ་ལ་གཉིས་ཏེ། (1)གཉིས་སུ་བགྲང་བ་གང་ཞེ་ན། [1]ཉོན་མོངས་པའི་སྒྲིབ་པར་བགྲང་བ། [2]ཤེས་བྱའི་སྒྲིབ་པར་བགྲང་བའོ། ། (2)རྣམ་པ་བཞི་ནི། [1]འདོད་པ་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བ། [2]གཟུགས་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བ། [3]གཟུགས་མེད་པ་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བ། [4]དངོས་པོ་མེད་པ་ལ་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བའོ། ། 2. སྲེད་པ་ནི་ལ་གཉིས་ཏེ། (1)གཞི་གཉིས་ནི། [1]སྲིད་པའི་གཞི ། [2]ལོངས་སྤྱོད་ཀྱི་གཞིའོ། ། (2)རྣམ་པ་བཞི་ནི། [1]འདོད་པ་ལ་སྲེད་པ། [2]གཟུགས་ལ་སྲེད་པ། [3]གཟུགས་མེད་པ་ལ་སྲེད་པ། [4]དངོས་པོ་མེད་པ་ལ་སྲེད་པའོ། ། 3. ལས་ལ་གསུམ་སྟེ། (1)ལྡང་བ་གཅིག་ནི། ཡིད་ཀྱི་ལས་སོ། ། (2)རྣམ་པ་གསུམ་ནི། [1]ལུས་ལས་བྱུང་བ། [2]ངག་ལས་བྱུང་བ། [3]སེམས་ལས་བྱུང་བའོ། ། (3)རྣམ་པར་སྨིན་པ་གསུམ་ནི། [1]གནག་ལ་རྣམ་པར་སྨིན་པ་གནག་པ་དང་། [2]དཀར་ལ་རྣམ་པར་སྨིན་པ་དཀར་བ་དང་། [3]དཀར་གནག་འདྲེན་མ་ལ་རྣམ་པར་སྨིན་པ་དཀར་གནག་འདྲེན་མའོ། ། 4. རྣམ་པར་ཤེས་པ་ལ་རྣམ་པ་དྲུག་སྟེ། (1)མིག་གི་རྣམ་པར་ཤེས་པ། (2)རྣ་བའི་རྣམ་པར་ཤེས་པ། (3)སྣའི་རྣམ་པར་ཤེས་པ། (4)ལྕེའི་རྣམ་པར་ཤེས་པ། (5)ལུས་ཀྱི་རྣམ་པར་ཤེས་པ། (6)ཡིད་ཀྱི་རྣམ་པར་ཤེས་པའོ། ། རྣམ་པ་དྲུག་པོ་དེ་དག་ནི་རྣམ་པར་ཤེས་པ་སྟེ། ཕྱིན་ཅི་ལོག་ལ་དམིགས་པ་དང་། ཕྱིན་ཅི་མ་ལོག་པ་ལ་དམིགས་པ་དང་། དམིགས་པ་མེད་པའོ། ། དེ་ལ་ཕྱིན་ཅི་ལོག་ལ་དམིགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་གཡེངས་པ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་རྒྱུ་ལས་བྱུང་བའོ། ། ཕྱིན་ཅི་མ་ལོག་པ་ལ་དམིགས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའོ། ། དེ་གཉི་ག་ལས་རྣམ་པར་གྲོལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་མེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུར་འགྱུར་བའོ། ། 5. ལེན་པ་ལ་སྲིད་པའི་རྒྱུ་རྣམ་པ་བཞི་སྟེ། (1)འདོད་པའི་ལེན་པ། (2)ལྟ་བའི་ལེན་པ། (3)ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ། (4)བདག་ཏུ་སྨྲ་བའི་ལེན་པའོ། ། 6. ལྟ་བ་ལ་རྣམ་པ་གཉིས་ཏེ། (1)ལོག་པའི་ཤེས་པ་ཅན། (2)དམིགས་པ་ཅན་ནོ། ། དེ་ལ་ལོག་པའི་ཤེས་པ་ཅན་ནི་ལོག་པར་ལྟ་བའོ། ། དམིགས་པ་ཅན་ནི་ཐ་ན་མྱ་ངན་ལས་འདས་པ་ལའང་དམིགས་ཤིང་མངོན་པར་དགའ་བ་སྟེ། འདི་ནི་དམིགས་པ་ཅན་སངས་རྒྱས་རྣམས་ཀྱིས་སྨད་པའོ། ། 7. ཐེ་ཚོམ་ལ་རྣམ་པ་གཉིས་ཏེ། (1)ཐེག་པའི་བར་དུ་གཅོད་པ། (2)ངེས་པར་གྱུར་པའི་བར་དུ་གཅོད་པའོ། ། དེ་ལ་ཐེག་པའི་བར་དུ་གཅོད་པའི་ཐེ་ཚོམ་ནི་ཐེ་ཚོམ་གང་གིས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཐེ་ཚོམ་ཟ་བ་སྟེ། ཧ་ཅང་ཡང་ཡུན་རིང་པོར་བསྡད་པ་འདིས་ཅི་ཞིག་བྱས། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པར་མྱུར་བ་མྱུར་བར་སྡུག་བསྔལ་མཐར་དབྱུང་ངོ་སྙམ་ནས་ཐེག་པ་ཆེན་པོ་སྤོང་བ་འདི་ནི་ཐེག་པའི་བར་དུ་གཅོད་པའི་ཐེ་ཚོམ་མོ། ། དེ་ལ་ངེས་པར་གྱུར་པའི་བར་དུ་གཅོད་པའི་ཐེ་ཚོམ་གང་ཞེ་ན། ཐེ་ཚོམ་གང་གིས་ངེས་པར་གྱུར་པ་ལ་མི་འཇུག་པ་སྟེ། ངེས་པའི་ས་ཁོང་དུ་ཆུད་པར་མི་འགྱུར་བ་འདི་ནི་ངེས་པར་གྱུར་པའི་བར་དུ་གཅོད་པའི་ཐེ་ཚོམ་སྟེ། འདི་ནི་ཐེ་ཚོམ་རྣམ་པ་གཉིས་སོ། ། 8. མཆོག་ཏུ་འཛིན་པ་ནི་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱད་པ་རྣམས་ལས་འབྲས་བུ་ལ་སྨོན་པ་སྟེ། བདག་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་འདི་དག་གིས་ལྷའམ། ལྷ་ལ་ལ་ཞིག་ཏུ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་ལོག་པར་སྨོན་པ་སྟེ། འདི་ནི་མཆོག་ཏུ་འཛིན་པ་ཞེས་བྱའོ། ། 9. ང་རྒྱལ་ཞེས་བྱ་བ་ནི་སྙེམས་པས་ང་རྒྱལ་ཞེས་བྱའོ། ། འདི་ནི་ངན་ནོ། ། བདག་ནི་བཙུན་ནོ། ། བདག་ནི་དེ་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། སྙེམས་པ་ནི་ང་རྒྱལ་ཞེས་བྱའོ། ། 10 .རྒོད་པ་ལ་རྣམ་པ་གཉིས་ཏེ། (1)ཉོན་མོངས་པ་སྐྱེད་པ། (2)ཤིན་ཏུ་སྙེམས་པའོ། ། དེ་ལ་ཉོན་མོངས་པ་སྐྱེད་པ་ནི་གཟུགས་ལ་གཙང་བར་ཡོངས་སུ་བརྟགས་ནས་ལུས་དང་། ངག་དང་། ཡིད་ཀྱིས་འགལ་བར་སྤྱོད་པ་སྟེ། གང་འཕགས་པ་རྣམས་ཀྱིས་སྨད་པ་ཡིན་ནོ། ། དེ་ལ་ཤིན་ཏུ་སྙེམས་པ་ནི་ངེས་པར་འབྱིན་པའི་ལམ་དེ་ཉིད་ལ་ཤིན་ཏུ་སྙེམས་པ་དང་། ཤིན་ཏུ་རྒྱུག་པ་དང་། བདག་ཉིད་སྙེམས་པ་སྟེ། འདི་ནི་རྒོད་པ་ཞེས་བྱའོ། །

Tibetan Source 《མདོ་ཛ་པ་》ཤ་21ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number