8952
Tibetan | སྙན་ངག་གི་སྐྱོན་བཅུ། |
---|---|
Tibetan Alternate | |
Tibetan Definition | 1.སྙན་ངག་གི་དོན་ཉམས་པའི་སྐྱོན་ནི། ཚིག་ཚོགས་མང་ཡང་བརྗོད་དོན་རྣམས། ། འབྲེལ་མི་ཆགས་པ་དོན་ཉམས་སྐྱོན། ། འདི་ནི་སྙན་ངག་རྩོམ་པ་ལ། ། སྐྱོན་ཆེན་ཡིན་པས་དམིགས་བསལ་མེད། ། ཅེས་སོ། །
2. དོན་འགལ་བའི་སྐྱོན་དང་དེའི་དམིགས་བསལ་ནི། བརྗོད་དོན་སྔ་ཕྱི་ཕན་ཚུན་བར། ། ནང་འགལ་ཡོད་པ་དོན་འགལ་སྐྱོན། ། ཕུལ་བྱུང་རྒྱན་དང་འགལ་རྒྱན་སོགས། ། འགའ་ཞིག་ལ་ནི་དམིགགས་བསལ་ཡོད། ། ཅེས་སོ། ། 3. དོན་གཅིག་པའི་སྐྱོན་དང་དེའི་དམིགས་བསལ་ནི། དགོས་མེད་ཚིག་དང་དོན་ཅི་རིགས། ། བཤད་ཟིན་སླར་བརྗོད་དོན་གཅིག་སྐྱོན། ། དགའ་བའི་རྒྱན་སོགས་སྔར་བརྗོད་དོན། ། སླར་ཡང་བརྗོད་ཀྱང་སྐྱོན་མི་འགྱུར། ། ཞེས་སོ། ། 4. ཐེ་ཚོམ་ཅན་གྱི་སྐྱོན་དང་དེའི་དམིགས་བསལ་ནི། རྗོད་ཚིག་གང་གིས་བརྗོད་དོན་ལ། ། ཐེ་ཚོམ་སྐྱེད་བྱེད་ཐེ་ཚོམ་སྐྱོན། ། མཚུངས་པར་སྟོན་དང་རབ་རྟོག་ལ། ། ཐེ་ཚོམ་ཚིག་བརྗོད་སྐྱོན་མི་འགྱུར། ། ཞེས་སོ། ། 5. རིམ་པ་ཉམས་པའི་སྐྱོན་དང་དེའི་དམིགས་བསལ་ནི། མདོར་བསྟན་ཇི་བཞིན་རྒྱས་བཤད་དུ། ། མ་བྱུང་གོ་རིམ་ཉམས་པའི་སྐྱོན། ། དགོས་དབང་མདོར་བསྟན་རྒྱས་བཤད་གཉིས། ། གོ་རིམ་བཟློག་ཀྱང་སྐྱོན་མི་འགྱུར། ། ཞེས་སོ། ། 6. སྒྲ་ཉམས་པའི་སྐྱོན་དང་དེའི་དམིགས་བསལ་ནི། རྗོད་བྱེད་རྣམ་དབྱེ་ཚིག་ཕྲད་སོགས། ། སྦྱོར་ཚུལ་ལོག་པ་སྒྲ་ཉམས་སྐྱོན། ། དགོས་པའི་དབང་གིས་སྦྱོར་བའི་ཚུལ། ། བྱས་ཀྱང་རེས་འགའ་སྐྱོན་མི་འགྱུར། ། ཞེས་སོ། ། 7. གཅོད་མཚམས་ཉམས་པའི་སྐྱོན་དང་དེའི་དམིགས་བསལ་ནི། ངལ་གསོ་ཡོད་མེད་ལུགས་དང་འགལ། ། དེ་ནི་གཅོད་མཚམས་ཉམས་པའི་སྐྱོན། ། རེས་འགའ་རྐང་མཐའི་མཚམས་སུ་ནི། ། ངལ་གསོ་མ་བྱས་སྐྱོན་མི་འགྱུར། ། ཞེས་སོ། ། 8. སྡེབ་སྦྱོར་ཉམས་པའི་སྐྱོན་ནི། ཚིགས་བཅད་རྐང་བཞིའི་ཡིག་འབྲུའི་གྲངས། ། མི་མཉམ་སྡེབ་སྦྱོར་ཉམས་པའི་སྐྱོན། ། འདི་ཡང་ཚིགས་བཅད་སྙན་ངག་ལ། ། སྐྱོན་ཆེན་ཡིན་པས་དམིགས་བསལ་མེད། ། ཅེས་སོ། ། 9. མཚམས་སྦྱོར་ཉམས་པའི་སྐྱོན་ནི། དབྱངས་གསལ་རྣམ་བཅད་མཚམས་སྦྱོར་སོགས། ། ལོག་པ་མཚམས་སྦྱོར་ཉམས་པའི་སྐྱོན། ། བོད་སྐད་རྣམ་དབྱེ་ལས་གཞན་པའི། ། ཚིག་ཕྲད་སྦྱོར་ཚུལ་ཉམས་པ་སྟེ། ། འདི་ཡང་སྙན་ངག་སྦྱོར་བའི་ཚེ། ། སྐྱོན་ཆེན་ཡིན་པས་དམིགས་བསལ་མེད། ། ཅེས་སོ། ། 10 .ཡུལ་དུས་སྒྱུ་རྩལ་འཇིག་རྟེན་རིགས་ལུང་སོགས་དྲུག་དང་འགལ་བའི་སྐྱོན་ནི། (1)ཡུལ་དང་འགལ་བའི་སྐྱོན་དང་དེའི་དམིགས་བལ་ནི། རི་ནགས་ལ་སོགས་ཡུལ་དེ་ཡི། ། ཚུལ་དང་མི་མཐུན་ཡུལ་དང་འགལ། ། དམིགས་བསལ་ནུས་པས་ཁྱད་པར་འགའ། ། འབྱུང་བར་གྱུར་ཀྱང་སྐྱོན་མི་འགྱུར། ། ཞེས་སོ། ། (2)དུས་དང་འགལ་བའི་སྐྱོན་དང་དེའི་དམིགས་བསལ་ནི། ཉིན་མཚན་ལ་སོགས་དུས་སྐབས་དེའི། ། ཚུལ་དང་མི་མཐུན་དུས་དང་འགལ། ། རེས་འགའ་དུས་མིན་དངོས་པོ་འགའ། ། འབྱུང་སྲིད་དེ་བརྗོད་སྐྱོན་མ་ཡིན། ། ཞེས་སོ། ། (3)སྒྱུ་རྩལ་དང་འགལ་བའི་སྐྱོན་དང་དེའི་དམིགས་བསལ་ནི། ལུས་གང་ཡིད་ཀྱི་རྣམ་འགྱུར་རྩལ། ། དངོས་དང་མི་མཐུན་སྒྱུ་རྩལ་འགལ། ། ནང་རྐྱེན་དབང་གིས་འགྱུར་བ་གཞན། ། འབྱུང་སྲིད་དེ་བརྗོད་སྐྱོན་མི་འགྱུར། ། ཞེས་སོ། ། (4)འཇིག་རྟེན་དང་འགལ་བའི་སྐྱོན་དང་དེའི་དམིགས་བསལ་ནི། ཡོངས་གྲགས་འཇིག་རྟེན་ཐ་སྙད་དང་། ། མི་མཐུན་འཇིག་རྟེན་དང་འགལ་སྐྱོན། ། རྐྱེན་གཞན་དབང་བྱས་ཡོངས་གྲགས་དང་། ། མཐུན་མིན་འགའ་བརྗོད་སྐྱོན་མི་འགྱུར། ། ཞེས་སོ། ། ། (5)རིགས་པ་དང་འགལ་བའི་སྐྱོན་དང་དེའི་དམིགས་བསལ་ནི། རང་གཞན་གཏན་ཚིགས་རིགས་པ་དང་། ། མི་མཐུན་རིགས་པ་དང་འགལ་སྐྱོན། ། རེས་འགའ་དོན་གཞན་དབང་བྱས་ཚེ། ། དེ་དང་འགལ་བའི་སྐྱོན་མི་འགྱུར། ། ཞེས་སོ། ། (6)ལུང་དང་འགལ་བའི་སྐྱོན་དང་དེའི་དམིགས་བསལ་ནི། རང་རང་གཞུང་ལུགས་ཚིག་ཟིན་དང་། ། མི་མཐུན་ལུང་དང་འགལ་བའི་སྐྱོན། ། རེས་འགའ་དམིགས་བསལ་གཞུང་གཞན་གྱི། ། དབང་བྱས་ལུང་དང་འགལ་སྐྱོན་མེད། ། ཅེས་སོ། ། |
Tibetan Source | 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་538.2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |