8970
Jump to navigation
Jump to search
Tibetan | གཏེར་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏེར་བཅུ་སྟེ།
1. འདི་ལྟར་ཆོས་ཐམས་ཅད་ལ་བགྲང་བས་སྦྱར་བའི་གཏེར། 2. ཆོས་ཐམས་ཅད་ལ་ངེས་པར་རྟོགས་པའི་གཏེར། 3. ཆོས་ཐམས་ཅད་ལ་གཟུང་སྣང་བའི་གཏེར། 4. ཆོས་ཐམས་ཅད་ལ་ཐ་དད་པ་ཡང་དག་པར་ཤེས་པས་རབ་ཏུ་སྣང་བའི་གཏེར། 5. ཆོས་ཐམས་ཅད་ལ་བརྗོད་དུ་མེད་པའི་ཚུལ་ལ་མཁས་པར་ཁོང་དུ་ཆུད་པའི་གཏེར། 6. སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཐམས་ཅད་ལ་སོ་སོར་རྟོག་ཅིང་ལྟ་བའི་གཏེར། 7. ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་མངོན་པར་བསྒྲུབ་པར་མཁས་པའི་གཏེར། 8. སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་བའི་གཏེར། 9. སྒྱུ་མ་ལྟ་བུའི་བསྐལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྲུབ་པར་འཇུག་པ་ལ་མཁས་པའི་གཏེར། 10 .སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགའ་བ་དང་། རབ་ཏུ་དགའ་བ་དང་། མོས་པ་ཆེན་པོ་རབ་ཏུ་རྙེད་པའི་གཏེར་རོ། ། |
Tibetan Source | 《ཕལ་ཆེན་ང་པ་》ཤ་272བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |