8973
Tibetan | བཏང་སྙོམས་ཡོངས་སུ་དག་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཏང་སྙོམས་ཡོངས་སུ་དག་པ་བཅུ་སྟེ།
1. འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཀྱང་དགའ་བ་མེད་ལ། སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་མ་བྱས་ཀྱང་ཁོང་ཁྲོ་བར་མི་འགྱུར་བའི་བཏང་སྙོམས་ཡོངས་སུ་དག་པ། 2. འཇིག་རྟེན་ཆོས་བརྒྱད་ལས་རྣམ་པར་འདས་པར་སྤྱོད་པས་བཏང་སྙོམས་ཡོངས་སུ་དག་པ། 3. སྣོད་མ་ཡིན་པ་རྣམས་ཀྱང་བཀོལ་ཏེ་མི་འདོར་ལ། སྣོད་དུ་གྱུར་པ་རྣམས་ཀྱི་དུས་དང་ཡང་སྦྱོར་བའི་བཏང་སྙོམས་ཡོངས་སུ་དག་པ། 4. ཉན་ཐོས་དང་། རང་སངས་རྒྱས་དང་། སློབ་པ་དང་། མི་སློབ་པ་རྣམ་པར་དག་པའི་ཆོས་ཐོབ་པར་གྱུར་པ་རྣམས་ལ་རྩོལ་བ་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ། 5. འདོད་པའི་དགའ་བ་དང་། རྩེད་མོ་དང་། ལོངས་སྤྱོད་དང་། ཀུན་ནས་ཉོན་མོངས་པའི་བག་ཏུ་མི་འགྱུར་བའི་ཆོས་ཐམས་ཅད་ལ་སེམས་འབྲེལ་བར་མི་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ། 6. ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་འཁོར་བས་སྐྱོ་བའི་རྣལ་འབྱོར་ལ་སྤྱོད་པ་རྣམས་དང་། བསྙེན་པར་མི་བྱེད་པའི་བཏང་སྙོམས་ཡོངས་སུ་དག་པ། 7. འཇིག་རྟེན་རྒྱང་འཕེན་པའི་གཏམ་ཐམས་ཅད་དང་། མྱ་ངན་ལས་མི་འདའ་བ་དང་། འདོད་ཆགས་དང་མི་འབྲལ་བའི་གཏམ་དང་། མི་རིགས་ཤིང་འདུ་འཛིར་གྱུར་པའི་གཏམ་དང་། གཞན་ལ་མཐོ་འཚམ་པའི་གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་དང་། མདོར་ན་བྱང་ཆུབ་སེམས་དཔའི་ལམ་ལས་གོལ་བའི་གཏམ་ཐམས་ཅད་དང་། འདུ་བ་མེད་པའི་བཏང་སྙོམས་ཡོངས་སུ་དག་པ། 8. དྲན་པ་དང། བློའི་སྟོབས་དང་། ཤུགས་ཇི་ལྟ་བ་བཞིན་དུ་གང་ལ་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་དེ་དག་གིས། དེ་ལ་གོང་མའི་ཆོས་ཤེས་པར་མི་ནུས་ན་ཡང་དེ་དག་གི་དུས་བསྡད་པས་བཏང་སྙོམས་ཡོངས་སུ་དག་པ། 9. བྱང་ཆུབ་སེམས་དཔའི་སྔོན་ཡོངས་སུ་སྨིན་པར་བྱས་པ་གང་། དེ་བཞིན་གཤེགས་པའི་སས་འདུལ་བར་གྱུར་པ་དེ་དག་ལ་བསྡད་པའི་ཕྱིར་བཏང་སྙོམས་ཡོངས་སུ་དག་པ། 10 .གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་གཉིས་དང་བྲལ་ཞིང་མཐོ་དམན་མེད་ལ། བླང་དོར་མེད་ཅིང་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་པ་རྟོག་པ་དང་བྲལ་བས་རྟག་ཏུ་མཉམ་པར་བཞག་ཅིང་། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གནས་པའི་བཟོད་པ་ཐོབ་པའི་བཏང་སྙོམས་ཡོངས་སུ་དག་པའོ། ། |
Tibetan Source | 《ཕལ་ཆེན་ང་པ་》ཤ་339བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |