8977
Tibetan | ལྟ་བ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྟ་བ་བཅུ་སྟེ།
1. འདི་ལྟར་གཟུགས་ཤིན་ཏུ་ཕྲ་བ་བལྟ་བའི་ཕྱིར། ལས་ལེགས་པར་བྱས་པས་ལྟ་བ། 2. སེམས་ཅན་གྱི་གྲངས་ལ་མངོན་པར་ཆགས་པ་མེད་པར་བྱ་བའི་ཕྱིར། ཤི་འཕོའི་རྒྱུད་ཤེས་པས་ལྟ་བ། 3. སེམས་ཅན་དབང་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སེམས་ཅན་གྱི་དབང་པོ་ཤེས་པས་ལྟ་བ། 4. ཆོས་ཀྱི་དབྱིངས་ཐ་དད་དུ་མི་དབྱེ་བའི་ཕྱིར། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྟ་བ། 5. སངས་རྒྱས་ཀྱི་སྤྱན་གསལ་བ་འཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་དུ་ལྟ་བ། 6. ཇི་ལྟར་གནས་པའི་ཆོས་བསྟན་པའི་ཕྱིར་ཤེས་རབ་དང་། ཡེ་ཤེས་ཐོབ་པས་ལྟ་བ། 7. སངས་རྒྱས་ཀྱི་ཆོས་ངེས་པར་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། མི་སྐྱེ་བའི་བཟོད་པ་འཐོབ་པས་ལྟ་བ། 8. འདུ་ཤེས་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཁམས་གསུམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་རྣམ་པར་བཟློག་པའི་ཕྱིར། མི་ལྡོག་པའི་ས་ལ་ལྟ་བ། 9. སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་ཡེ་ཤེས་མི་ཉམས་པ་ཡོངས་སུ་བསྟན་པའི་ཕྱིར། དབང་བསྐུར་བའི་ས་ལ་ལྟ་བ། 10 .ཕྱོགས་བཅུར་བྱ་བ་ཐམས་ཅད་བསྟན་པའི་ཕྱིར། བློ་ཤིན་ཏུ་རྣམ་པར་རྒྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ལྟ་བའོ། ། |
Tibetan Source | 《ཕལ་ཆེན་ང་པ་》ཤ་328བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |