8980
Jump to navigation
Jump to search
| Tibetan | ལྟུང་བ་བཙལ་བའི་གནས་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།
1. སོ་སོར་ཐར་པའི་ཆོས། 2. དེ་རྣམ་པར་འབྱེད་པའི་འདུལ་བ། 3. ལྟུང་བ་སྡེ་ལྔ་པོ་དག་གི་ལྟུང་བ་ཡང་བའི་མཚན་ཉིད། 4. ལྕི་བའི་མཚན་ཉིད་ཀྱི་བྱེ་བྲག་དྲུག་པོ་སྟེ། (1)བཅའ་བའི་བྱེ་བྲག (2)དངོས་པོའི་བྱེ་བྲག (3)ཉོན་མོངས་པའི་བྱེ་བྲག (4)ཉེས་པའི་བྱེ་བྲག (5)གང་ཟག་གི་བྱེ་བྲག (6)དུས་ཀྱི་བྱེ་བྲག་དབང་ངོ་། ། 5. འཛེམ་པ་མེད་པའི་ཕན་པ་མ་གཏོགས་པར། དེ་ལས་གཞན་པའི་ལྷག་མ་དང་བཅས་པའི་མཚན་ཉིད། 6. ལས་དང་པོ་པ་དང་ལས་དང་པོ་པ་མ་ཡིན་པ་ལྷག་པར་སྤྱོད་པ། 7. ལྷག་པར་སྤྱོད་པ་དེ་དགེ་སློང་རྣམས་ཀྱིས་སྟོན་པ་ལ་བསྙད་པ། 8. བསྙད་ནས་སྟོན་པས་ལྟུང་བ་བཅའ་བའི་ཕྱིར་དགེ་འདུན་བསྡུ་བ། 9. བསྡུས་ནས་དགེ་འདུན་ལ་ལྟུང་བ་བྱས་པ། 10 .ལྟུང་བ་བཅས་པ་ལ་ཕྱིས་རྗེས་སུ་གནང་བ་དང་བཀག་པའོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་249ན་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |