8984
| Tibetan | སྟན་ལ་འདུག་པ་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟན་ལ་འདུག་པ་བཅུ་སྟེ།
1. འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་བསྒྲུབ་པའི་ཕྱིར། འཁོར་ལོས་བསྒྱུར་བའི་སྟན་ལ་འདུག་པ། 2. འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་དབང་ཕྱུག་ལ་དགོད་པའི་ཕྱིར། འཇིག་རྟེན་གྱི་མགོན་པོའི་སྟན་ལ་འདུག་པ། 3. འགྲོ་བ་ཐམས་ཅད་ཀྱི་དབང་པོར་འགྱུར་བའི་ཕྱིར། བརྒྱ་བྱིན་གྱི་སྟན་ལ་འདུག་པ། 4. རང་གི་སེམས་དང་གཞན་གྱི་སེམས་ལ་དབང་བསྒྱུར་བའི་ཕྱིར། ཚངས་པའི་སྟན་ལ་འདུག་པ། 5. ཆོས་ཀྱི་སྟན་མ་ནོར་བར་བྱ་བའི་ཕྱིར། སེང་གེའི་སྟན་ལ་འདུག་པ། 6. གཟུངས་དང་སྤོབས་པའི་སྟོབས་ཀྱིས་བརྗོད་པའི་ཕྱིར། ཆོས་ཀྱི་སྟན་ལ་འདུག་པ། 7. དམ་བཅས་པ་མཐར་ཕྱིན་པར་བྱ་བའི་ཕྱིར། ཡི་དམ་བརྟན་པའི་སྟན་ལ་འདུག་པ། 8. གཤེ་བ་དང་། སྡང་བ་ལ་བྱམས་པར་བྱ་བའི་ཕྱིར། བྱམས་པ་ཆེན་པོའི་སྟན་ལ་འདུག་པ། 9. མི་དགའ་བ་ཐམས་ཅད་བཟོད་པར་བྱ་བས་མི་སྐྱོ་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོའི་སྟན་ལ་འདུག་པ། 10 .ཕས་ཀྱི་རྒོལ་བ་དང་། བདུད་ཀྱི་སྡེ་ཐམས་ཅད་བཟློག་པའི་ཕྱིར། རྡོ་རྗེའི་སྟན་ལ་འདུག་པའོ། ། |
| Tibetan Source | 《ཕལ་ཆེན་ང་པ་》ཤ་326བ་2ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |