8990
Tibetan | སྟོབས་བཅུ། |
---|---|
Tibetan Alternate | |
Tibetan Definition | འདི་ལ་ཁག་ལྔ་ཡོད་པ་སྟེ།
ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོབས་བཅུ་སྟེ། 1. འདི་ལྟར་འཇིག་རྟེན་ཐམས་ཅད་དང་འདུ་འཛི་མེད་པའི་ཕྱིར་བསམ་པའི་སྟོབས། 2. སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྒྱིད་ལུག་པ་མེད་པར་བྱ་བའི་ཕྱིར་ལྷག་པའི་བསམ་པའི་སྟོབས། 3. བྱང་ཆུབ་སེམས་དཔའི་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱ་བ་ཡོངས་སུ་བསྟན་པའི་ཕྱིར་སྦྱོར་བའི་སྟོབས། 4. འགྲོ་བ་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སྟོབས། 5. བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྨོན་ལམ་གྱི་སྟོབས། 6. ཕྱི་མའི་མཐའི་མུར་ཐུག་པར་རྒྱུན་ཆད་པ་མེད་པར་བྱ་བའི་སྤྱོད་པའི་སྟོབས། 7. ཐེག་པ་ཐམས་ཅད་ཀྱི་འབྱུང་བར་ཀུན་ཏུ་བསྟན་པ་དང་། ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཐེག་པའི་སྟོབས། 8. སྐྲའི་སྦུབས་གཅིག་ཏུ་སངས་རྒྱས་འབྱུང་བ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཐམས་ཅད་ཀུན་ཏུ་བསྟན་པའི་ཕྱིར། རྣམ་པར་འཕྲུལ་བའི་སྟོབས། 9. སེམས་བསྐྱེད་པ་ཐམས་ཅད་ལ་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང་། མི་འབྲལ་བའི་ཕྱིར་བྱང་ཆུབ་ཀྱི་སྟོབས། 10 .ཆོས་ཀྱི་ཚིག་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་མ་ལུས་པ་ལྷག་མ་མེད་པ་མཐའ་དག་རྟོགས་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་སོ། ། |
Tibetan Source | 《ཕལ་ཆེན་ང་པ་》ཤ་284ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |