8992

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོབས་བཅུ།
Tibetan Alternate
Tibetan Definition དཀོན་བརྩེགས་ལེའུ་གཉིས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པའི་ལེའུ་ལས་བྱུང་བ་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ།

1. དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་བླ་ན་མེད་པས་གནས་དང་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 2. དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་ལ་མ་ཆགས་མ་ཐོགས་པས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དགེ་བ་དང་། མི་དགེ་བ་དུ་མ་སྤྱད་པ་དང་། ལས་ཡང་དག་པར་ལེན་པའི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 3. དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་མ་ཆགས་མ་ཐོགས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྣམ་པ་དུ་མ་མ་ལུས་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 4. དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བའི་སྟོབས་བླ་ན་མེད་པས་སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་དང་། ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་སྤྱད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 5. དེ་བཞིན་གཤེགས་པ་ནི་འཇིག་རྟེན་གནས་པ་འདིའི་ཁམས་དུ་མ་དང་། ཁམས་སྣ་ཚོགས་དང་། སྐྱེ་མཆེད་དུ་མ་དང་། སྐྱེ་མཆེད་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 6. དེ་བཞིན་གཤེགས་པ་ནི་རྒྱུ་དང་རྐྱེན་ཤེས་པ་མཐོང་བར་འགྲོལ་བར་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 7. དེ་བཞིན་གཤེགས་པ་ནི་ལྷའི་སྤྱན་གྱིས་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་བླ་ན་མེད་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 8. དེ་བཞིན་གཤེགས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 9. དེ་བཞིན་གཤེགས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། 10 .དེ་བཞིན་གཤེགས་པ་ནི་ཟག་པ་ཟད་པ་མཁྱེན་པ་མངོན་དུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པའོ། །

Tibetan Source 《དཀོན་བརྩེགས་ཀ་པ་》ཤ་119ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number