8996

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོབས་ལ་རྣམ་པར་འཕྲུལ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་པ་བཅུ་སྟེ།

1. འདི་ལྟར་ཡོངས་སུ་སྨོན་པར་བྱ་བ། འདུལ་བ་མི་གཏོང་བས་སེམས་ཅན་གྱི་སྟོབས་ལ་རྣམ་པར་འཕྲུལ་བ། 2. ནམ་མཁའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཐམས་ཅད་རྒྱན་རྣམ་པར་ཕྱེ་བས་བརྒྱན་པར་ཡོངས་སུ་སྟོན་པས་ཞིང་གི་སྟོབས་ལ་རྣམ་པར་འཕྲུལ་བ། 3. ལུས་ཐམས་ཅད་ལུས་མེད་པར་འཇུག་པས་ཆོས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ། 4. སྤྱོད་པ་རྒྱུན་མི་སྤྱོད་པས་བསྐལ་པའི་སྟོབས་ལ་རྣམ་པར་འཕྲུལ་བ། 5. གཉིད་ཀྱི་ས་ལོག་པ་སངས་པར་བྱེད་པས་སངས་རྒྱས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ། 6. བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྐྱེད་ཅིང་རབ་ཏུ་འཛིན་པའི་ཕྱིར་སྤྱོད་པའི་སྟོབས་ལ་རྣམ་པར་འཕྲུལ་བ། 7. སེམས་ཅན་གྱི་ཁམས་ཐམས་ཅད་ཡང་དག་པར་སྒྲོལ་བས་སངས་རྒྱས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ། 8. ཆོས་ཐམས་ཅད་བདག་པོ་མེད་པར་འཚང་རྒྱ་བའི་ཕྱིར། རང་བྱུང་གི་སྟོབས་ལ་རྣམ་པར་འཕྲུལ་བ། 9. ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ལུས་པར་མངོན་པར་འཆང་རྒྱ་བའི་ཕྱིར། ཐམས་ཅད་མཁྱེན་པའི་སྟོབས་ལ་རྣམ་པར་འཕྲུལ་བ། 10 .སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བས། སྙིང་རྗེ་ཆེན་པོའི་སྟོབས་ལ་རྣམ་པར་འཕྲུལ་བའོ། ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ་སྟེ། སེམས་ཅན་ལ་རྣམ་པར་འཕྲུལ་བ་བཟུང་བ་མན་ཆད་སྟོབས་ལ་རྣམ་པར་འཕྲུལ་བ་ཡན་ཆ་ཀྱི་བར་དུ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་སྟེ། བྱང་ཆུབ་སེམས་དཔའ་གང་གིས་རྣམ་པར་འཕྲུལ་བ་བཅུ་པོ་དེ་དག་ཐོབ་པར་གྱུར་པ་དེ་ནི། འདོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། ། མི་འདོད་ན་མངོན་པར་འཚང་མི་རྒྱའོ། ། འདོད་ན་མངོན་པར་འཚང་ཡང་རྒྱ་ལ་སྤྱོད་པ་ཡང་རྒྱུན་མི་གཅོད་དོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་ཆེན་པོས་བྱང་བ་སྟེ། སྒོ་མཐའ་ཡས་པའི་རྣམ་པར་འཕྲུལ་བ་ཡོངས་སུ་བསྟན་པ་ལ་མཁས་པའི་ཕྱིར་རོ། །

Tibetan Source 《ཕལ་ཆེན་ང་པ་》ཤ་281བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number