8997
Jump to navigation
Jump to search
Tibetan | ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དཀོན་བརྩེགས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ་སྟེ།
1. སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་སྔོན་དུ་འགྲོ་བ། 2. སེམས་ཅན་གྱི་རྟེན་སྔོན་དུ་འགྲོ་བ། 3. བྱམས་པ་དང་། སྙིང་རྗེ་སྔོན་དུ་འགྲོ་བ། 4. སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱོ་བ་སྔོན་དུ་འགྲོ་བ། 5. སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པ་སྔོན་དུ་འགྲོ་བ། 6. ཁྱད་པར་གྱི་ཡེ་ཤེས་མཐོང་བ་ཁོང་དུ་ཆུད་པ་སྔོན་དུ་འགྲོ་བ། 7. ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བྱང་བར་བྱ་བ་ཡོངས་སུ་སྨིན་པ་སྔོན་དུ་འགྲོ་བ། 8. དངོས་པོ་ཇི་ལྟ་བ་བཞིན་དུ་རྟོག་པ་སྔོན་དུ་འགྲོ་བ། 9. སེམས་ཀྱི་སྟོབས་ཉེ་བར་བསྒྲུབ་པ་སྔོན་དུ་འགྲོ་བ། 10 .ཕྱིར་མི་ལྡོག་པའི་ས་ཡོངས་སུ་ཐོབ་པར་བྱེད་པ་སྔོན་དུ་འགྲོ་བའོ། ། |
Tibetan Source | 《དཀོན་བརྩེགས་ཆ་པ་》ཤ་302བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |