8998
Tibetan | ཐབས་མཁས་སྦྱོར་བའི་མཚན་ཉིད་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འབད་རྩོལ་རགས་པ་ཞི་བའི་སྒོ་ནས་འཕྲིན་ལས་ལྷུན་གྱིས་གྲུབ་པའི་དག་པའི་རྣལ་འབྱོར་དེ། ཐབས་མཁས་སྦྱོར་བའི་མཚན་ཉིད་དབྱེ་ན་བཅུ་ཡོད་པ་སྟེ།
1. བདུད་བཞི་ལས་རྒྱལ་བའི་ཐབས་མཁས་སྦྱོར་བ། 2. དོན་དམ་པར་མི་གནས་ཤིང་ཐ་སྙད་དུ་གནས་པའི་ཐབས་མཁས་སྦྱོར་བ། 3. གཞན་དོན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་འཕང་པར་བྱེད་པའི་ཐབས་མཁས་སྦྱོར་བ། 4. ཐུན་མོང་མ་ཡིན་པའི་ཐབས་མཁས་སྦྱོར་བ། 5. ཆོས་ཐམས་ཅད་ལ་བདེན་པར་རང་བཞིན་མེད་པའི་ཐབས་མཁས་སྦྱོར་བ། 6. བདེན་པར་མི་དམིགས་པའི་ཐབས་མཁས་སྦྱོར་བ། 7. མཚན་མ་མེད་པའི་ཐབས་མཁས་སྦྱོར་བ། 8. སྨོན་པ་མེད་པའི་ཐབས་མཁས་སྦྱོར་བ། 9. ཕྱིན་ཅི་ལོག་བཞི་ལས་གྲོལ་བའི་རྟགས་ཀྱི་ཐབས་མཁས་སྦྱོར་བ། 10 .ཚད་མེད་པའི་ཐབས་མཁས་སྦྱོར་བའོ། ། དེ་དག་ནི་ས་མཚམས་དག་པ་ས་གསུམ་ན་ཡོད། ། བདུད་བཞི་ལས་རྒྱལ་བའི་རྒྱལ་བ་ཞེས་པའི་སྐབས་སུ། (1)ཕུང་པོའི་བདུད་རགས་པ་ནི་ཤ་རུང་གདོས་བཅས་ཀྱི་ཕུང་པོ་དང་། ཕུང་པོའི་བདུད་ཕྲ་མོ་ནི་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ལས་ལ་བརྟེན་ནས་བྱུང་བའི་ཡིད་ཀྱི་རང་བཞིན་ཅན་གྱི་འཕགས་རྒྱུད་ཀྱི་ལུས་ལྟ་བུའོ། ། (2)ཉོན་མོངས་པའི་བདུད་རགས་པ་ནི་རྩ་ཉོན་དང་ཉེ་ཉོན། ཉོན་མོངས་པའི་བདུད་ཕྲ་མོ་ནི་དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་མོངས་པའི་བག་ཆགས་ལྟ་བུའོ། ། (3)འཆི་བདག་གི་བདུད་རགས་པ་ནི་ལས་ཉོན་གྱི་དབང་གིས་ཚེ་ཡི་འདུ་བྱེད་བཏང་བ་དང་། འཆི་བདག་གི་བདུད་ཕྲ་མོ་ནི་འཕགས་རྒྱུད་ཀྱི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལྟ་བུའོ། ། (4)ལྷའི་བུའི་བདུད་རགས་པ་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་སྟེ་མེ་ཏོག་མདའ་ཅན་ནམ་ཆུ་སྲིན་རྒྱལ་མཚན་ཅན་ཡང་ཞེས་བརྗོད་པ་དེ་ཡིན། དེ་ནི་བསླབ་པ་ལྷོད་པའི་རབ་བྱུང་རྣམས་ལ་བདུད་ཀྱི་མདའ་ལྔ་འཕེན་པར་བྱེད་དོ། ། མདའ་ལྔ་ནི། (1)ཆགས་པར་བྱེད་པའི་མདའ། (2)སེམས་རྨོངས་པར་བྱེད་པའི་མདའ། (3)སེམས་ང་རྒྱལ་བར་བྱེད་པའི་མདའ། (4)འཐབ་པར་བྱེད་པའི་མདའ། (5)འདུ་འཛི་དང་རྙེད་བཀུར་ལ་བརྟེན་ཏེ་སེམས་གཡེང་བར་བྱེད་པའི་མདའོ། ། ལྷ་ཡི་བུ་ཡི་བདུད་ཕྲ་མོ་ནི་བདུད་དང་པོ་གསུམ་པོ་གང་རུང་ལས་མི་འདའ་བར་བྱེད་པའི་རྣམ་གཡེང་ལྟ་བུའོ། ། |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་353.8ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |