9037

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པ་འཆག་གམ།བཞེངས་སམ།བཞུགས་སམ།མནལ་བ་དེའི་ས་ཕྱོགས་དེ་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་བཅུ་ལྡན་པར་འགྱུར་བ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་ལེའུ་བཞི་པ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ལེའུ་ལས་བྱུང་བ་འཇིག་རྟེན་དུ་ཉི་མ་བདུན་བྱུང་བར་གྱུར་པ་དེའི་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བ་དེའི་ས་ཕྱོགས་དེ་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་བཅུ་ལྡན་པར་འགྱུར་བ་སྟེ།

1. ཉི་མ་བདུན་འཇིག་རྟེན་དུ་བྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབར། ཀུན་འབོར། འབར་བ་གཅིག་ཏུ་གྱུར་པ་དེའི་ས་ཕྱོགས་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་དང་པོ་དང་ལྡན་པར་འགྱུར་རོ། ། 2. གོང་བཞིན་དུ་སྦྱར་ཏེ། ས་ཕྱོགས་དེ་གསེག་མ་དང་། གྱོ་མོ་མེད་ཅིང་མཐོ་བར་གྱུར་པའི་གཟུགས་སུ་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་གཉིས་པ་འདི་དང་ལྡན་པར་འགྱུར་རོ། ། 3. ས་ཕྱོགས་དེ་དེ་བཞིན་གཤེགས་པ་ལོངས་སུ་སྤྱོད་པའི་ཕྱིར་ཡངས་ཤིང་མཉམ་པར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་གསུམ་པ་འདི་དང་ལྡན་པར་འགྱུར་རོ། ། 4. ས་ཕྱོགས་དེར་རྩྭ་སྔོ་བ། འཁྱིལ་བ། འཇམ་པ། གཡས་ཕྱོགས་སུ་འཁྱིལ་བ། ཀ་ཙ་ལི་ན་ལྟར་རེག་ན་བདེ་བ། དྲི་རབ་ཏུ་ཞིམ་པ་སྐྱེ་བར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་བཞི་པ་འདི་དང་ལྡན་པར་འགྱུར་རོ། ། 5. ས་ཕྱོགས་དེར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གྲང་བ། ཡང་བ། འཇམ་པ། དྭངས་པ། རྙོག་པ་མེད་པ། རབ་ཏུ་དྭངས་པ། འཐུང་འདོད་པ། མང་དུ་འཐུངས་ཀྱང་ནད་དུ་མི་འགྱུར་བ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་འབྱུང་བར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་ལྔ་པ་འདི་དང་ལྡན་པར་འགྱུར་རོ། ། 6. ས་ཕྱོགས་དེར་དེ་བཞིན་གཤེགས་པའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་རབ་ཏུ་བསིལ་བའི་རླུང་ལྡང་བ་འདི་ལྟ་སྟེ། སོས་ཀའི་ཐ་མའི་ཟླ་བ་ཚ་བས་གདུངས་པའི་དུས་ན་སྐྱེས་བུ་ལ་ལ་ཞིག་གངྒཱའི་ཀླུང་དུ་ཞུགས་ནས་ལུས་བསིལ་བར་བྱས་ཏེ་རིམས་དང་སྙོམས་པ་ཐམས་ཅད་ཞི་བར་བྱས་ནས་གངྒཱའི་ཀླུང་ནས་བྱུང་ཞིང་སླར་བྱུང་ནས་འཆག་ཅིང་འགྲོ་བ་ལས་ཧ་ཅང་ཡང་མི་རིང་བ་ཞིག་ན་ནགས་སྟུག་པོ་ཡལ་ག་དང་། ལོ་མ་དང་། འདབ་མ་གྲིབ་མ་སྟུག་པོ་དང་ལྡན་པ་ཆེན་པོ་ཞིག་མཐོང་ནས་དེ་ནགས་སྟུ་ག་པོ་གང་ན་ཡོད་པ་དེར་སོང་སྟེ་ཕྱིན་པ་དང་། ནགས་སྟུག་པོའི་དབུས་ན་ཁྲིའི་སྟེང་དུ་ཕྱར་བུ་བཏིང་བ། བེའུ་རས་ཀྱིས་གཡོགས་པ། ཀ་ཙ་ལི་ན་དི་ཀའི་གདིང་བ་བཏིང་བ། དེའི་སྟེང་དར་གྱིས་གཡོགས་པ། ཡ་ཐོག་མ་ཐོག་སྔས་དམའ་པོ་བཤམས་པ་ཞིག་མཐོང་ནས་དེ་དེ་ལ་འདུག་གོ ། དེ་དེ་ལ་འདུག་སྟེ་གླེང་ཞིང་ཕྱོགས་བཞི་ཀུན་ནས་བསིལ་བའི་རླུང་ལྡང་བར་འགྱུར་བ་དེ་བཞིན་དུ་ས་ཕྱོགས་དེར་བསིལ་བའི་རླུང་ལྡང་བར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་དྲུག་པ་འདི་དང་ལྡན་པར་འགྱུར་རོ། ། 7. ས་ཕྱོགས་དེར་ཆུ་ལས་སྐྱེས་པའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོ་སྐྱེ་བར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་བདུན་པ་དང་ལྡན་པར་འགྱུར་རོ། ། 8. ས་ཕྱོགས་དེར་ཐང་ལས་སྐྱེས་པའི་མེ་ཏོག་འདི་ལྟ་སྟེ། ཨ་དྷི་མུཀྟ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། པ་རི་ཤ་ཀ་དང་། མྱ་ངན་འཚང་དང་། སྐྱ་སྣར་དང་། དོང་ཀའི་མེ་ཏོག་དང་། ཏ་ར་ནི་དང་། ཀོ་ཏ་ར་ནི་ལ་སོགས་པ་ཐང་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་ཁ་དོག་དང་ལྡན་པ། དྲི་དང་ལྡན་པ་འབྱུང་བར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་བརྒྱད་པ་འདི་དང་ལྡན་པར་འགྱུར་རོ། ། 9. ས་ཕྱོགས་དེ་སྲ་ཞིང་མི་ཤིགས་པ། ས་གཞི་རྡོ་རྗེར་འགྱུར་ཏེ། ས་ཕྱོགས་དེ་ནི་ངོ་མཚར་དང་། རྨད་ཀྱི་ཆོས་དགུ་པ་འདི་དང་ལྡན་པར་འགྱུར་རོ། ། 10 .སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལམ་མེ། རབ་ཏུ་ལམ་མེ། ཀུན་ཏུ་ལམ་མེ། ཀུན་ཏུ་རབ་ཏུ་ལམ་མེ། འབར། ཀུན་ཏུ་འབར། རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་འགྱུར་ཏེ། ས་ཕྱོགས་དེ་ནི་ངོ་མཚར་དང་། རྨད་ཀྱི་ཆོས་བཅུ་པ་འདི་དང་ལྡན་པར་འགྱུར་རོ། །

Tibetan Source 《དཀོན་བརྩེགས་ག་པ་》ཤ་69བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number