9164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྣ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣ་བཅུ་སྟེ།

1. འདི་ལྟར་མཐུན་པའི་དྲི་ལ་མི་མཐུན་པར་གནས་པ། 2. མི་མཐུན་པའི་དྲི་ལ་མཐུན་པར་གནས་པ། 3. དྲི་མཐུན་པ་དང་། མི་མཐུན་པ་མཉམ་པ་ཉིད་དུ་གནས་པ། 4. དྲི་མཐུན་པ་དང་། མི་མཐུན་པ་མ་ཡིན་པ་ལ་བཏང་སྙོམས་སུ་གནས་པ། 5. གོས་དང་། མལ་ཆ་དང་། ཡན་ལག་དང་། ཉིང་ལག་དང་། ཉིང་ལག་གི་དྲི་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་གྱི་རྒྱུ་ཤེས་པར་གནས་པ། 6. གཏེར་ཆེན་པོ་དེ་དག་དང་། རྩྭ་དང་། གེལ་པ་དང་། སྨན་དང་། ནགས་ཚལ་ཇི་སྙེད་པ་དེ་དག་གི་དྲིས་གཏེར་ཐམས་ཅད་མངོན་སུམ་དུ་ཤེས་པར་གནས་པ། 7. འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཡན་ཆད། སྲིད་པའི་རྩེ་མོ་མན་ཆད་ལ་གནས་པའི་སེམས་ཅན་རྣམས་ཀྱི་དྲི་ཚོར་བ་ཙམ་གྱིས་སྔོན་གྱི་སྤྱོད་པ་སྟོན་པར་གནས་པ། 8. ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་དང་། ཤེས་རབ་ཀྱི་དྲི་ཚོར་བས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འཁྲུགས་པར་གནས་པ། 9. བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དྲི་ཚོར་ཞིང་། དེ་བཞིན་གཤེགས་པའི་ས་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ལ་གནས་པ། 10 .དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང་། ཡེ་ཤེས་ཀྱི་དྲི་ཚོར་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པར་གནས་པའོ། །

Tibetan Source 《ཕལ་ཆེན་ང་པ་》ཤ་323ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number