9257
| Tibetan | བྱང་ཆུབ་སེམས་དཔའ་བཏང་སྙོམས་ལ་གནས་པའི་ཆོས་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1. མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བཏང་སྙོམས་སུ་གནས་པ་རྣམས་ཡིན། 2. མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ཀྱིས་རྨས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་བ་རྣམས། 3. དེ་བཞིན་དུ་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས། 4. སྣས་རྣམ་པར་ཤེས་པར་བྱ་བའི་དྲི་རྣམས། 5. ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་རྣམས། 6. ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་རྣམས། 7. ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་བཏང་སྙོམས་སུ་གནས་པ་རྣམས་ཡིན། 8. ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱིས་རྨས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར། འདུ་བྱེད་ཀྱི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལ་བཏང་སྙོམས་སུ་གནས་པ་ཡིན། 9. འདུ་བྱེད་ཀྱི་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་གྱིས་རྨས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་རོ། ། བྱ་བ་བྱས་པའི་སེམས་ཅན་རྣམས་ལ་བཏང་སྙོམས་སུ་གནས་པ་རྣམས་ཡིན། 10 .དེ་དག་ལ་དགའ་བ་དང་། དང་བ་དང་། རངས་པ་སྐྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བསྒྲལ་བར་བྱ་བ་དེ་དག་ཉིད་རྒལ་བར་གྱུར་ཏོ། ། ཞེས་བཏང་སྙོམས་སུ་གནས་པ་རྣམས་ཡིན་ནོ། ། |
| Tibetan Source | 《མདོ་ཚ་པ་》ཤ་115བ་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |