9329
Tibetan | བྱང་ཆུབ་སེམས་དཔའ་སེམས་རྣམ་པར་དག་པའི་ཆོས་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1. བསམ་པ་མི་གཡོ་བས་བསམ་པ་ཕུན་སུམ་ཚོགས་པ་རྣམས་ཡིན། 2. བསམ་པ་ལ་སྒྱུ་མེད་པས་བསམ་པ་ཤིན་ཏུ་གནས་པ་རྣམས་ཡིན། 3. ཉན་ཐོས་ཀྱི་བྱང་ཆུབ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། རང་སངས་རྒྱང་ཀྱི་བྱང་ཆུབ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། བརྩོན་པ་ཆུང་བའི་ཡིད་ལ་བྱེད་པ་མི་སྤྱོད་པས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་རྣམས་ཡིན། 4. ཉོན་མོངས་པའི་དྲི་མ་དང་བྲལ་བས་དྲི་མ་ཐམས་ཅད་དང་བྲལ་བ་རྣམས་ཡིན། 5. སྒྱུ་མའི་སྤྱོད་ལམ་དང་བྲལ་བས་ལུས་ཀྱི་ཚུལ་འཆོས་པ་དང་བྲལ་བ་རྣམས་ཡིན། 6. ཡང་དག་པའི་དོན་དུམ་སྟོན་པས་ངག་གི་ཚུལ་འཆོས་པ་དང་བྲལ་བ་རྣམས་ཡིན་ནོ། 7. ལུས་ཀྱིས་འདུ་འཛི་མེད་པ་དང་། ངག་གིས་འདོད་པ་ཆུང་བ་དང་། སེམས་ཀྱིས་སྨོན་པ་མེད་པའི་ཕྱིར་སེམས་ཀྱི་ཚུལ་འཆོས་པ་དང་བྲལ་བ་རྣམས་ཡིན། 8. ཅུང་ཟད་བྱས་པའང་ཆུད་མི་གཟོན་ན་མང་པོ་ལྟ་ཅི་སྨོས་ཏེ། བྱས་པ་གཟོ་བ་རྣམས་ཡིན། 9. བྱས་པ་ཚོར་བ་རྣམས་ཡིན་ཏེ། དགོས་པ་བྱས་པ་མི་སྨོད། མི་སྐྱུད། ཡོན་ཏན་མ་ཡིན་པར་མི་ལྟ་སྟེ། གཞན་དུ་ན་ཅུང་ཟད་བྱས་པའང་ཚོར་ཞིང་དེ་ལ་བསྟོད་པར་བྱེད། གཟེངས་བསྟོད་བར་བྱེད། ཡང་དག་པར་དགའ་བར་བྱེད། རབ་ཏུ་བསྔགས་པར་བྱེད། དེ་ལ་ཡོན་ཏན་དུ་ལྟ་བ་ཡིན་ནོ། ། ཇི་ལྟར་ལྟ་བ་དེ་ལྟར་བྱེད་པ་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ངག་གིས་སྙན་པར་སྟོན་ཅིང་སེམས་ཀྱིས་མི་མཐུན་པར་སེམས་པ་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་དག་གིས་བསྟོད་ཅིང་སེམས་ཀྱི་ངན་དུ་བྱ་བའི་སྦྱོར་བ་མི་བྱེད། བྱང་ཆུབ་སེམས་དཔའ་རྣམས་ངག་གིས་འཇམ་པར་སྨྲ་ཞིང་སེམས་ཀྱིས་ཞེ་ལ་ནོན་ཏེ་ཤར་གཉེར་བ་རྣམས་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ལུས་ཀྱིས་དེས་པ་སྟོན་ཅེང་སེམས་ཀྱིས་འཁོན་གྱི་མདུད་པར་འཛིན་པ་རྣམས་མ་ཡིན། བྱང་ཆུབ་སམེས་དཔའ་རྣམས་ལུས་ཀྱིས་རི་མོར་བྱ་བ་སྟོན་ཅིང་སེམས་ཀྱིས་བརྙས་པར་བྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཚུལ་མི་འཆོས། ཁ་གསག་མི་བྱེད་འཇུངས་པ་དང་ཕྲག་དོག་གིས་ཀུན་ཏུ་གླགས་པ་མ་ཡིན། སྒྱུ་དང་གཡོས་མི་སྤྱོད། བྱང་ཆུབ་སེམས་དཔའ་རྣམས་འཐབ་སྨྱན་མི་བྱེད། ཕན་ཚུན་ངུ་པར་འཇུག་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི། ལུས་ཀྱིས་ཀྱང་རི་མོ་བསྐྱེད་པ་ཡིན། ངག་གིས་ཀྱང་ཡང་དག་པའི་དོན་སྨྲ་བ་ལས་སུ་རུང་བའང་སྒྲུབ་བོ། ། 10 .བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་པའི་ཕྱིར་ཞུགས་པ་མ་ཡིན་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་པ་དང་བྲལ་བ་རྣམས་ཡིན་ནོ། དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་པ་མ་བཏབ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་དག་གྱོན་ནས་ཡང་དག་པར་དང་བས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ངོ་། ། དེ་རབ་ཏུ་འབྱུང་བ་ན་རྒྱལ་པོས་མནར་བ་མེད་པར་རབ་ཏུ་འབྱུང་། རྐུན་པོས་གཙེ་བ་མེད་པ་དང་། བུ་ལོན་གྱིས་གཙེ་བ་མེད་པ་དང་། འཇིགས་པས་གཙེ་བ་མེད་པ་དང་། འཚོ་བ་མེད་པའི་འཇིགས་པས་སྐྲག་པ་མེད་པར་རབ་ཏུ་འབྱུང་ངོ་། ། དེ་དང་དེ་རབ་ཏུ་བྱུང་ནས་དགེ་བ་ཅི་ཡིན་ཞེས་ཚོལ་བ་ཡིན་ཏེ། དེ་དགེ་བ་ཅི་ཡིན་ཞེས་ཚོལ་བ་ཡིན་པས་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་པར་བྱེད། སྟེན་པར་བྱེད། བསྙེན་བཀུར་བྱེད་དོ། ། དེ་དག་ལས་ཆོས་ཀྱང་ཉན་ཏོ། ། ཐོས་ནས་ཀྱང་ནན་ཏན་བྱེད། ང་རྒྱལ་གྱི་ཟིལ་གྱིས་གནོན་པ་ཡིན་ཏེ། ། དེ་ང་རྒྱལ་དང་བྲལ་བས་མ་ལོག་པར་འཛིན་པ་ཡིན། ལམ་ལོག་པར་འཛིན་པས་ལམ་ཤིན་ཏུ་རྟོགས་པ་ཐོབ་བོ། ། དེ་ལམ་ཤིན་ཏུ་རྟོགས་པས་ཆོས་ཉིད་ཐོབ་བོ། ། ཆོས་ཉིད་ཐོབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་པ་མ་བཏབ་པ་ཡིན་ནོ། ། |
Tibetan Source | 《མདོ་ཚ་པ་》ཤ་93བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |