9340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྔ་ལྟས་བཅུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1. བྱང་ཆུབ་སེམས་དའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དང་པོའི་སྔ་ལྟས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཕྲག་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བ་མཐོང་ངོ་། ། 2. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་གཉིས་པའི་སྔ་ལྟས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་ངོ་། ། 3. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་གསུམ་པའི་སྔ་ལྟས་ནི། བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་གདུལ་བར་མཐོང་ངོ་། ། 4. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བཞི་པའི་སྔ་ལྟས་ནི། ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་དུ་འཐོར་བ་མཐོང་ངོ་། ། 5. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱད་ཆུབ་དེམས་དཔའི་ས་ལྔ་པའི་སྔ་ལྟས་ནི། རྒྱན་ཐམས་ཅད་ཀྱི་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ་། ། 6. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དྲུག་པའི་སྔ་ལྟས་ནི། རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་རྡལ་བ་རྙོག་པ་མེད་ཅིང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། མེ་ཏོག་ཨུཏྤལ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་སྟེ། དེ་ལ་བདག་ཉིད་རྩེ་དགའ་ཡོངས་སུ་སྤྱོད་པ་མཐོང་ངོ་། ། 7. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བདུན་པའི་སྔ་ལྟས་ནི། ཕྱོགས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ནས་བདག་ཉིད་མ་རྨས་མ་ཉམས་པར་སླར་ལྡོག་པ་མཐོང་ངོ་། ། 8. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་སྔ་ལྟས་ནི། ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པ་མཐོང་ངོ་། ། 9. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དགུ་པའི་སྔ་ལྟས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐོང་སྟེ། སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མང་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ལ་མགོའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ངོ་། ། 10 .བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བཅུ་པའི་སྔ་ལྟས་ནི། དེ་བཞིན་གཤིགས་པའི་སྐུ་མཐོང་སྟེ། ཁ་དོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་བའོ། །

Tibetan Source 《དཀོན་བརྩེགས་ཆ་པ་》ཤ་305ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number