9350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འཛིན་པའི་ཡོན་ཏན་ཐོབ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ལེའུ་ལས་བྱུང་བ་ལྟར་ན་ཁག་ལྔ་ཡོད་པ་སྟེ།

ཁག་དང་པོ། 1. 2.ཚེ་རབས་གཞན་དུ་འཕོས་ནས་བཟོའི་གནས་དང་། ལས་ཀྱི་གནས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར། 3. རིགས་མཐོ་ཞིང་བཙུན་པར་འགྱུར། 4. དབང་ཆེ་བར་གྲགས་པར་འགྱུར། 5. ཚིག་བཙུན་པར་འགྱུར། 6. ལོངས་སྤྱོད་ཆེ་བར་འགྱུར། 7. ལྷ་དང་མི་རྣམས་ལ་ཕངས་པར་འགྱུར། 8. འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར། 9. ཚངས་པ་ཐོབ་པར་འགྱུར། 10 .ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་བའོ། །(སྐབས་འདིར་གཞུང་དུ་ཚན་པ་གཅིག་མ་ཚང་བ་ལྟ་བུ་འདུག་པ་ཚན་པ་དང་པོ་ལ་ཚན་པ་གཉིས་སུ་འདི་ལྟར་བཀོད་པ་ཨེ་འགྲིག་དཔྱད།) ཁག་གཉིས་པ། 1. གཅེར་བུ་པའི་རྩོད་པ་དང་འདྲེས་པ་མ་ཡིན་པར་འགྱུར་བ། 2. བདག་ཏུ་མི་ལྟ་བ། 3. སེམས་ཅན་དུ་མི་ལྟ་བ། 4. སྲོག་ཏུ་མི་ལྟ་བ། 5. གང་ཟག་ཏུ་མི་ལྟ་བ། 6. ཆད་པར་མི་ལྟ་བ། 7. རྟག་པར་མི་ལྟ་བར་འགྱུར་བ། 8. དངོས་པོ་ཐམས་ཅད་ལ་མི་ལྟ་བ། 9. རབ་ཏུ་འབྱུང་བ་ལ་དགའ་བར་སེམས་བསྐྱེད་པ་འཐོབ་པ། 10 .ཐོས་པའི་ཚིག་འབྲུ་མྱུར་དུ་ཁོང་དུ་ཆུད་པར་འགྱུར་བའོ། ། ཁག་གསུམ་པ། 1. དྲན་པ་དང་ལྡན་པར་འགྱུར་བ། 2. བློ་གྲོས་དང་ལྡན་པར་འགྱུར་བ། 3. རྟོགས་པ་དང་ལྡན་པར་འགྱུར་བ། 4. མོས་པ་དང་ལྡན་པར་འགྱུར་བ། 5. ཤེས་རབ་དང་ལྡན་པར་འགྱུར་བ། 6. དལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བ། 7. ཚེ་རབས་དྲན་པར་འགྱུར་བ། 8. རང་བཞིན་གྱིས་འདོད་ཆགས་ཆུང་སྟེ་འདོད་ཆགས་བདོ་བ་མ་ཡིན་ལ། དེ་ཤིན་ཏུ་འདོད་ཆགས་ཀྱི་གདུང་བས་ཡོངས་སུ་མི་གདུང་བ། 9. རང་བཞིན་གྱིས་ཞེ་སྡང་ཆུང་སྟེ་ཞེ་སྡང་བདོ་བ་མ་ཡིན་ལ། དེ་ཤིན་ཏུ་ཞེ་སྡང་གི་གདུང་བས་ཡོངས་སུ་མི་གདུང་བ། 10 .རང་བཞིན་གྱིས་གཏི་མུག་ཆུང་སྟེ་གཏི་མུག་གི་གདུང་བས་ཡོངས་སུ་གདུང་བར་མི་འགྱུར་བའོ། ། ཁག་བཞི་པ། 1. ཤེས་རབ་ངོ་མཚར་དུ་འགྱུར་བ། 2. ཤེས་རབ་མྱུར་བར་འགྱུར་བ། 3. ཤེས་རབ་རྣོ་བར་འགྱུར་བ། 4. ཤེས་རབ་མགྱོགས་པར་འགྱུར་བ། 5. ཤེས་རབ་རྒྱ་ཆེ་བར་འགྱུར་བ། 6. ཤེས་རབ་ཟབ་པར་འགྱུར་བ། 7. ཤེས་རབ་ངེས་པར་འབྱེད་པར་འགྱུར་བ། 8. ཤེས་རབ་མ་ཆགས་པར་འགྱུར་བ། 9. དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་མཐོང་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ། 10 .དེ་བཞིན་གཤེགས་པ་ལ་ཚུལ་བཞིན་གྱི་ཞུ་བ་ཡོངས་སུ་ཞུ་ཞིང་ཚུལ་བཞིན་དུ་ཞུ་བ་ཞུས་ནས་ལན་ལྡོན་པར་འགྱུར་བའོ། ། ཁག་ལྔ་པ། 1. དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་འགྱུར་བ། 2. བདུད་ཀྱིས་བཅིངས་པ་ཐམས་ཅད་ལྷོད་པར་འགྱུར་བ། 3. དེས་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་བ། 4. ཉོན་མོངས་པ་ཐམས་ཅད་སྨད་པར་འགྱུར་བ། 5. འདུ་བྱེད་ཐམས་ཅད་དུ་གཏོགས་པ་ལས་ཡིད་བསྐྱོད་པར་འགྱུར་བ། 6. འགྲོ་བ་ངན་པར་འགྲོ་བའི་ལམ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ། 7. མྱ་ངན་ལས་འདའ་བར་འགྲོ་བའི་ལམ་མངོན་དུ་འགྱུར་བ། 8. འཁོར་བ་ཐམས་ཅད་ལས་སྒྲོལ་བའི་སྦྱིན་པ་བྱིན་པར་འགྱུར་བ། 9. བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོ་གའི་རྗེས་སུ་ཞུགས་པར་འགྱུར་བ། 10 .སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བཀའི་རྗེས་སུ་ཞུགས་པར་འགྱུར་བའོ། །

Tibetan Source 《དཀོན་བརྩེགས་ག་པ་》ཤ་356ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number