9358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་གྲུབ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ཅ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་སྟེ།

1. དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར་པར་མཐོང་བའི་ཏིང་ངེ་འཛིན་ཐོབ་པ་རྣམ་པར་དག་པ། 2. སངས་རྒྱས་ཐམས་ཅད་ཀྱི་སྐུ་མཚན་སྣ་ཚོགས་དང་ལྡན་པ་རྣམ་པར་བལྟ་བའི་མིག་རྣམ་པར་དག་པ། 3. དེ་བཞིན་གཤེགས་པའི་ཁ་དོག་རྒྱ་མཚོ་མཐའ་དང་དབུས་མེད་པ་རྣམ་པར་དམིགས་པར་བྱ་བ་ལ་འཇུག་པ། 4. སངས་རྒྱས་ཀྱི་ཆོས་སྣང་བའི་དཀྱིལ་འཁོར་རྒྱ་མཚོ་ཚད་མེད་པ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚད་ཀྱིས་འཇུག་པ། 5. དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་སྒོ་ནས་འོད་ཟེར་རྒྱ་མཚོ་སེམས་ཅན་ཐམས་ཅད་དང་མཉམ་པ་དང་། སེམས་ཅན་སྣ་ཚོགས་ཀྱི་དོན་དུ་བཀྱེ་བ་ལ་འཇུག་པ། 6. བ་སྤུའི་བུ་ག་རེ་རེ་ནས་འོད་འཕྲོ་བ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ཏུ་འདུག་པ་རྒྱ་མཚོ་སྟོན་པ། 7. སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་སངས་རྒྱས་ཀྱི་སྤྲུལ་པ་རྒྱ་མཚོས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་ཞིང་། སེམས་ཅན་འདུལ་བའི་བྱིན་གྱི་རླབས་ལ་འཇུག་པ། 8. དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་དང་ལྡན་པས་དུས་གསུམ་དུ་བྱུང་བའི་ཆོས་ཀྱི་འཁོར་ལོའི་སྒྲ་སྒྲོགས་པས། མདོ་སྡེ་ཐམས་ཅད་ཀྱི་སྤྲིན་གྱིས་འབྲུག་སྒྲ་འབྱིན་པའི་དཀྱིལ་འཁོར་ལ་འཇུག་པ། 9. སངས་རྒྱས་ཀྱི་མཚན་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་འཇུག་པ། 10 .སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྟན་པས་སེམས་ཅན་འདུལ་བ་ལ་འཇུག་པའོ། །

Tibetan Source 《ཕལ་ཆེན་ཅ་པ་》ཤ་332ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number