9372

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དབང་བཅུ།
Tibetan Alternate
Tibetan Definition འདི་ལ་ཁག་དྲུག་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་བྱུང་བ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དབའ་ནི་དབང་བཅུ་ཐོབ་པར་འགྱུར་བ་སྟེ། 1. ཚེའི་ཚད་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཏུ་བྱིན་གྱིས་རློབ་པའི་ཕྱིར་ཚེ་ལ་དབང་བ། 2. ཏིང་ངེ་འཛིན་དཔག་ཏུ་མེད་གྲངས་མེད་པ་དག་ངེས་པར་སེམས་པའི་ཡེ་ཤེས་ལ་འཇུག་པའི་ཕྱིར་སེམས་ལ་དབང་བ། 3. འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་དང་། རྒྱན་དུ་མས་བརྒྱན་པའི་བྱིན་གྱི་རླབས་ཀུན་ཏུ་སྟོན་པའི་ཕྱིར་ཡོ་བྱད་ལ་དབང་བ། 4. འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་ཏུ་སྟོན་པའི་ཕྱིར་སྐྱེ་བ་ལ་དབང་བ། 5. དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པ་ཀུན་ཏུ་སྟོན་པའི་ལས་ལ་དབང་བ། 6. འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་བྱིན་གྱིས་རློབ་པ་ཀུན་ཏུ་སྟོན་པའི་ཕྱིར་མོས་པ་ལ་དབང་བ། 7. དུས་གང་དང་། གང་གི་ཚེ་བྱང་ཆུབ་མངོན་པར་འཚང་རྒྱ་བར་འདོད་པའི་དུས་དེ་དང་། དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། སངས་རྒྱས་ཀྱི་ཞིང་གང་དང་། གང་དུ་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་། དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་སྨོན་ལམ་ལ་དབང་བ། 8. སངས་རྒྱས་ཀྱི་ཞིང་ཐམས་ཅད་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པའི་ཕྱིར་རྫུ་འཕྲུལ་ལ་དབང་བ། 9. མཐའ་དང་། དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པའི་ཕྱིར་ཆོས་ལ་དབང་བ། 10 .དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། མཚན་དང་། དཔེ་བྱད་བཟང་པོ་རྣམས་དང་། རྫོགས་པའི་བྱང་ཆུབ་ཀུན་ཏུ་སྟོན་པའི་ཕྱིར་ཡེ་ཤེས་ལ་དབང་བའོ། །

Tibetan Source 《མདོ་བ་པ་》ཤ་204ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number