9399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྦྱོར་བ་བཅུ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་ག་ཡ་མགོའི་རི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱོར་བ་བཅུ་སྟེ། 1. ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ། 2. བསྡུ་བའི་དངོས་པོའི་སྦྱོར་བ། 3. ཤེས་རབ་ཀྱི་སྦྱོར་བ། 4. ཐབས་ཀྱི་སྦྱོར་བ། 5. སྙིང་རྗེ་ཆེན་པོའི་སྦྱོར་བ། 6. བསོད་ནམས་ཀྱི་ཚོགས་ཡོངས་སུ་འཚོལ་བའི་སྦྱོར་བ། 7. ཡེ་ཤེས་ཀྱི་ཚོགས་ཡོངས་སུ་འཚོལ་བའི་སྦྱོར་བ། 8. བསམ་པ་རྣམ་པར་དག་པའི་སྦྱོར་བ། 9. བདེན་པ་རྣམ་པར་དཔྱད་པའི་སྦྱོར་བ། 10 .སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བའོ། །

Tibetan Source 《མདོ་ཅ་པ་》ཤ་470བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number