9419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མིའི་ལུས་ཀྱི་ཤ་ལ་གནས་པའི་སྲིན་བུ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ལུས་དྲན་པ་ཉེ་བར་བཞག་པ་ལས་བྱུང་བ་སྟེ།

1. སྲིན་རྨས་ཀུན་ནས་བསླང་བ་ཞེས་བྱ་བ་ནི། ཡུལ་ཕྱོགས་གང་དུ་རྨ་ཀུན་ཏུ་འབྱུང་བར་འགྱུར་བ་དེའི་ཡུལ་ཕྱོགས་སུ་རྨས་ཀུན་ནས་བསླང་བར་གྱུར་པའི་སྲིན་འཁོར་མང་པོར་གྱུར་ནས་རྨ་རྣམས་ཟ་བར་བྱེད་པ་དང་ཟ་འཕྲུག་དང་རྨ་དག་ཀྱང་བདག་ལ་སྐྱེད་དོ། ། 2. ཙུན་ཙུ་ར་ཀཿཞེས་བྱ་བའི་སྲིན་གྱིས་ཀྱང་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཙུན་ཙུ་ར་ཀའི་སྲིན་གལ་ཏེ་ལྟོགས་པར་གྱུར་ན། དེས་གནད་རྣམས་དང་བཤང་བ་དག་ཀྱང་རབ་ཏུ་འབྱེད་པར་བྱེད་དོ། ། དེས་མཉམ་པར་ཤིན་ཏུ་འཁྲུ་བར་འགྱུར་རོ། ། དེས་མེ་དྲོད་ཉམས་པར་བྱེད་དོ། ། དེས་ཁ་སྐམ་པར་འགྱུར་རོ། ། ལུས་རྙིད་པར་འགྱུར་བ་དང་གཟེར་ཟུག་དག་འབྱུང་བར་བྱེད་དོ། ། བཤང་བ་དང་ཆུ་འདྲེས་པར་བྱེད་དེ། ཉིན་མོ་དང་མཚན་མོར་ཡང་གཉིད་འབྱུང་བར་མི་འགྱུར། སྲིན་ཙུན་ཙུ་ར་ཀས་ནི། རྟག་ཏུ་ཡང་སྨིན་མའི་གནས་སུ་བཤང་བ་ཚོལ་བར་བྱེད་དོ། ། དེ་རྟུག་པའི་གཏེར་ལ་བརྟེན་ནས་རླུང་དང་རྡུལ་དང་གཅིན་དང་བད་ཀན་རྣམས་དང་ལྷན་ཅིག་འགྲོགས་པར་གྱུར་པའི་ཤིན་ཏུ་འཁྲུ་བར་བྱེད་དོ། ། དེས་དང་ག་མི་བདེ་བ་སྐྱོད་པར་འགྱུར་ཞིང་ལྐུག་པར་ཡང་བྱེད་དོ། ། གལ་ཏེ་མྱ་ངན་བྱེད་པར་གྱུར་ན། དེས་སྲིན་ཙུན་ཙུ་ར་ཀཿ ཤིན་ཏུ་དགའ་བར་འགྱུར་རོ། ། དེ་ཤིན་ཏུ་ཡང་སྟོབས་དང་ལྡན་པར་འགྱུར་ཞིང་། མཉམ་ཞིང་ཤིན་ཏུ་རྒྱ་ཆེ་བར་ཁྲག་ཏུ་གྱུར་པའི་རྩ་རྣམས་སུན་འབྱིན་པར་བྱེད་དོ། ། དེས་ཤིན་ཏུའང་འཁྲུ་བར་འགྱུར་རོ། ། བད་ཀན་བེའུ་སྣབས་ཤིན་ཏུ་འཁྲུས་པས་རླུང་ལྷག་པར་འགྱུར་རོ། ། ཙུན་ཙུ་ར་ཀའི་སྲིན་ལ་སོ་སོར་བརྟགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་ཤིས་སོ། ། 3. སྲིན་རྒྱུས་པ་སྒུལ་བ་ཞེས་བྱ་བ་རྟག་ཏུ་རྒྱུས་པ་སྦོམ་པའམ་ཕྲ་བ་རྣམས་ཀྱིའང་གསེབ་ཏུ་རྒྱུ་བར་བྱེད་དོ། ། དེ་ཁྲོས་པར་གྱུར་ན་དེས་རྒྱུས་པ་རྣམས་ན་བར་འགྱུར་རོ། ། གལ་ཏེ་ལྟོགས་པར་མ་གྱུར་ན་ནི། དེས་རྒྱུས་པར་གྱུར་པ་རྣམས་ན་བར་མི་འགྱུར་རོ། ། རྒྱུས་པས་སྦྲེལ་བར་གྱུར་པའི་རུས་པའི་སྒལ་ཚིགས་རྣམས་ཐམས་ཅད་མ་ལུས་པ་ནས་ཐུག་ཏུ་མཐོང་བར་གྱུར་པས་དེས་ལུས་ལ་རྒྱུས་པ་ལས་གྱུར་པའི་ཚོར་བ་རྣམས་སྐྱེད་པར་བྱེད་དོ། ། ཟས་དང་བྲལ་བར་གྱུར་པས་གལ་ཏེ་ནང་ལྟོགས་པར་གྱུར་ན། དེ་རྒྱུས་པ་ལ་གནས་པའི་ཁྲག་རྣམས་འཐུང་བར་བྱེད་དོ། ། དེས་རྩོལ་བ་རབ་ཏུ་ཉམས་པར་འགྱུར་རོ། ། གལ་ཏེ་ཤ་ཟ་བར་བྱེད་ན་དེས་བད་ཀན་སྨུག་པོ་སྐྱེད་དོ། ། 4. རྩྭ་སྒུལ་བ་ཞེས་བྱ་བའི་སྲིན་དེ་རྩ་ཀུན་ཐམས་ཅད་ཀྱི་མཐར་རྒྱུ་ཞིང་གསེབ་ཏུ་རྒྱུ་བར་བྱེད་པ་ཕྲ་བར་གྱུར་པས་ཤིན་ཏུ་ཐོགས་པ་མེད་པར་འགྲོ་བ་ཡིན་ནོ། ། དེ་གལ་ཏེ་ཟས་རྣམས་ཀྱི་སྟོབས་ཀྱིས་རྩ་རྣམས་འཇོམས་པར་བྱེད་དོ། ། དེས་ལུས་པོ་ཀུན་ཏུ་སྐམ་པར་འགྱུར་བའམ་ཡི་ག་མི་བདེ་བར་འབྱུང་བར་འགྱུར་རོ། ། གལ་ཏེ་ཡང་ཆུ་རྒྱུ་བའི་རྩ་རྣམས་ལ་གནོད་པ་བྱེད་པར་གྱུར་ན། དེས་རྐན་སྐམ་པར་འགྱུར་རོ། ། གལ་ཏེ་ཡང་རྔུལ་རྒྱུ་བའི་རྩ་རྣམས་ལ་གནོད་པ་བྱེད་པར་གྱུར་ན། དེས་ཀྱང་བ་སྤུའི་ཁུང་བུ་རྣམས་ནས་རྡུལ་ཀུན་ཏུ་འབྱུང་བར་འགྱུར་རོ། ། ཡང་གལ་ཏེ་ཆུ་ངན་རྒྱུ་བའི་རྩ་རྣམས་ཀྱི་གསེབ་ཏུ་སོང་བར་གྱུར་ནས་སུན་འབྱིན་པར་བྱེད་ན་གཅིན་སྡོམ་པར་འགྱུར་རོ། ། ཁུ་ཆུ་སུན་འདོན་པར་བྱེད་ནའང་ཤིན་ཏུ་སྡུག་བསྔལ་མི་ཟད་པར་འགྱུར་རོ། ། གལ་ཏེ་ཡང་རྟག་པ་རྒྱུ་བའི་རྩ་རྣམས་ཀྱི་ནང་དག་ཏུ་རྒྱུ་བར་བྱེད་ཅིང་ཁྲོས་པར་གྱུར་ན་ནི། དེས་རྟུག་པའི་གནས་རྣམས་སྡོམ་པས་འཆི་བ་ཙམ་གྱི་སྡུག་བསྔལ་བྱེད་དོ། ། རྩ་སྒུལ་བར་བྱེད་པའི་སྲིན་དེ་ལ་སོ་སོར་བརྟགས་པར་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་ཤེས་སོ། ། 5. པགས་པ་སྐྱོད་པར་བྱེད་པ་ཞེས་བྱ་བའི་སྲིན་པགས་པ་དྲུག་གི་གསེབ་ན་གནས་པ་རྣམས་གལ་ཏེ་ཟས་ཀྱི་སྐྱོན་གྱིས་ཁྲོས་པར་གྱུར་ན་ནི། དེས་པགས་པ་རྣམས་ཁ་དོག་ངན་པར་འགྱུར་རོ། ། རྩུབ་པར་གྱུར་པའམ་གཡན་པའམ་པགས་པ་རྣམས་དམར་བ་ཉིད་དམ་སྐྱ་བ་ཉིད་དམ་སྔོ་བ་ཉིད་དམ་རྡོལ་བར་འགྱུར་བའམ་སེན་མོ་དང་སྐྲ་དང་ཁ་སྤུ་དང་བ་སྤུ་རྣམས་དང་སྐྱི་རྣམས་ཉིལ་བར་འགྱུར་རོ། ། འབྲུམ་བུ་ཐུག་ཐུག་པོའམ་མཛེར་འགྱུར་བའམ་པགས་པ་དང་ཤ་དང་དྲོད་བྱེ་བྲལ་དུ་འགྱུར་རོ། ། དེས་པགས་པ་སྐྱོད་པར་བྱེད་པའི་སྲིན་རྣམས་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དོ། ། 6. ཚིལ་རྒྱུ་བར་གྱུར་པའི་རྒྱུན་རྣམས་ཀྱི་གསེབ་ན་གནས་པའི་ཚིལ་སྒུལ་བ་ཞེས་བྱ་བའི་སྲིན་ལུས་ལ་གནས་པར་གྱུར་པ་དེས་མཐོང་བར་གྱུར་ཏོ། ། ཡང་དེ་གལ་ཏེ་ན་ཉལ་བའི་སྐྱོན་གྱིས་སམ་ཟས་ཀྱི་སྐྱོན་གྱིས་ཀྱང་རུང་སྟེ་རབ་ཏུ་འཁྲུགས་པར་གྱུར་པ་སྐྱེས་ན། དེས་འཁྲུ་སྐྱུག་གམ་འབྲུམ་བུའམ་སྐྱ་བོར་སྣང་བའམ་ཐིག་ལེའི་རིགས་སུ་གྱུར་པ་རྣམས་སྐྱེད་པར་བྱེད་དོ། ། སྐེ་ལ་ལྦ་བར་གྱུར་པའམ་རྒྱུས་པའང་རུལ་བ་དང་སྟོབས་ཟད་པ་དང་ལུས་རྗུད་པ་དང་ཟས་ཟ་བར་བྱེད་པར་གྱུར་ན་རྟག་ཏུ་རྔུལ་བ་ཉིད་དུའང་བྱེད་དོ། ། ཚིལ་སྒུལ་བར་བྱེད་པའི་སྲིན་དེ་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རིག་གོ ། 7. འཕེལ་བྱེད་ཅེས་བྱ་བའི་སྲིན་ལུས་ལ་རབ་ཏུ་གནས་པ་ཡིན་ལ། དེས་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པར་གྱུར་པ་ཅིག་བྱེད་པ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ནི། སྲིན་འཕེལ་བྱེད་རྣམ་པ་གཉིས་ཀྱིས་ལུས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དེ། ཟིན་པ་དང་མ་ཟིན་པའོ། ། དེ་ལ་ཟིན་པ་ཡང་ལུས་ཕྱེད་དྲོད་དང་ཁྲག་དང་ཤ་དང་རུས་པ་དང་ལྷ་བ་དང་མཁྲིས་པ་དང་ཁུ་ཆུའོ། ། མ་ཟིན་པའང་ཇི་ལྟར་ལུས་ལ་སྐྲ་དང་བ་སྦུ་དང་སེ་མོ་དང་ཁ་སྤུ་དང་སོ་རྣམས་སོ། ། ཉེ་བར་འཕེལ་བྱེད་ཀྱི་སྲིན་དེས་ཀྱང་བདག་གི་ལུས་ལ་རྣམ་པ་གཉིས་སུ་འཕེལ་བར་བྱེད་པ་ཡིན་ཏེ། གལ་ཏེ་ཡང་ཟས་ཀྱི་སྐྱོན་གྱིས་འཕེལ་བྱེད་ཀྱི་སྲིན་རྣམས་རབ་ཏུ་རྒྱས་པར་མ་གྱུར་ན་ནི། དེས་སྤྲོ་བ་དང་རྣམ་པར་བྲལ་བར་འགྱུར་རོ། ། འགྲོ་བ་དང་འོང་བ་ལའང་བདེ་བར་གནས་པར་འགྱུར་རོ། ། མྱུར་ཞིང་བརྟད་པར་གཉིད་ཀྱིས་རྒྱུན་འབྱུང་བར་འགྱུར་རོ། ། དེ་ལས་ཀྱང་སྟོབས་རབ་ཏུ་འཕེལ་བར་འགྱུར་ཏེ། པགས་པ་དང་ཁྲག་དང་ཚིལ་དང་ལྷ་བ་དང་རུས་པ་དང་ཁུ་ཆུ་དང་སྟོབས་རྣམས་སྐྱེ་བར་འགྱུར་རོ། ། དེས་འཕེལ་བྱེད་ཀྱི་སྲིན་ལ་སོ་སོར་བརྟགས་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་གོ ། 8. སྲིན་དྲི་ངན་པ་ཞེས་བྱ་བ་ཤ་དང་བཤང་བ་དང་གཅིན་གྱི་གསེབ་ན་གནས་པ་ཡིན་ལ། གལ་ཏེ་ཟས་ཀྱི་སྐྱོན་གྱིས་ཁྲོས་པར་གྱུར་ན། ཟས་དེ་དག་གི་སྐྱོན་གྱིས་དེས་ཕྱི་ས་དང་གཅིན་དང་མཆིལ་མ་དང་སྣབས་རྣམས་དྲི་མི་ཞིམ་པར་འགྱུར་རོ། ། སྣའི་རྣག་དང་མིག་གི་རྣག་དག་ཀྱང་འབྱུང་ངོ་། ། སྲིན་རྣམས་དང་ལྷན་ཅིག་ཀུན་ཏུ་ཚོགས་པར་འགྱུར་བ་དེ་དང་དེ་དག་རྣམས་ཀྱང་སྲིན་གྱིས་དྲི་ངན་པ་རྣམས་སྐྱེད་པར་བྱེད་དོ། ། གང་ཡང་གོས་སམ་མལ་ཆ་དང་ནམ་ཟས་ཀྱི་རིགས་སུ་གྱུར་པ་རྣམས་ཀྱང་རུང་སྟེ་སོའི་གསེབ་ཏུ་སོང་བར་གྱུར་ན། དེ་དག་རྣམས་སྲིན་དེས་དྲི་ངན་པ་དང་ཆེས་དྲི་ངན་པར་འགྱུར་བར་བྱེད་དོ། ། མཚན་མོ་ཉལ་བར་གྱུར་པའི་སྐྱོན་གྱིས་ཀྱང་ལྕེའི་དྲི་མ་དེ་ཤིན་ཏུ་མི་ཞིམ་པར་འགྱུར་རོ། ལྕེའི་དྲི་མ་རྣམས་ཤིན་ཏུ་སྐྱ་བར་འགྱུར་བ་དང་ལུས་དྲི་ངན་པ་དང་དྲི་མ་ཅན་དུ་ཡང་འགྱུར་རོ། དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དྲི་ངན་པའི་སྲིན་དེ་ལ་སོ་སོར་རབ་ཏུ་རིག་པར་འགྱུར་རོ། ། 9. རྡུལ་ལ་རྒྱུ་བ་ཞེས་བྱ་བའི་སྲིན་གཤུལ་ཤའི་གསེབ་ན་རྒྱུ་བ་ཡིན་ཏེ། དེ་གལ་ཏེ་ཟས་ཞུ་བར་གྱུར་ན། དེས་རུས་ཤིང་གི་ཡུལ་ཕྱོགས་ཀྱི་རུས་པ་གསུམ་གྱི་བུ་གུ་གང་ཡིན་པར་ངའི་གཤང་བ་དྲངས་ནས་འཕོངས་ཀྱི་མདོར་འཇོག་གོ ། རུས་པ་གཞན་གསུམ་གྱི་བུ་གུ་རླན་པར་བྱས་ཤིང་ལུས་ཀྱི་ཆུ་ངན་གྱིས་བརླན་པར་བྱས་ནས་རྟུག་པའི་དབྱིབས་ཆེན་པོ་རྣམས་ཨན་ཏོང་རུས་པའི་ཡུལ་ཕྱོགས་སུ་བྱས་ནས་གཅིན་འབྱུང་བར་འགྱུར་རོ། ། དེས་རྡུལ་ལ་རྒྱུ་བའི་སྲིན་ལ་རབ་ཏུ་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིད་པར་འགྱུར་རོ། ། 10 .སྲིན་གྱི་རིགས་བཅུ་དག་གི་མཁྲིས་པ་ལ་གནས་པ་དེ་ལས་སྐྱེས་པར་གྱུར་པ། ལུས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱེད་པ་རྣམས་ནི། འདི་ལྟ་སྟེ། ཙུ་རུ་བཿདང་སྒུལ་བྱེད་དང་རྫས་ཀྱིས་རྒྱས་པ་དང་ཆེན་པོའི་རིགས་དང་ནགས་པ་དང་ཟས་ཆན་པོ་དང་དྲོ་བ་ལ་རྒྱུ་བ་དང་རྣམ་པར་སྲེག་བྱེད་དང་མེ་དྲོད་ཉམས་པར་བྱེད་པ་དང་མེ་ཆེན་པོ་དང་སྟེ། སྲིན་གྱི་རིགས་བཅུ་པོ་དེ་དག་རྣམས་ནི། མཁྲིས་པ་ལ་རྒྱུ་བ་དང་དེ་ལས་སྐྱེས་པར་གྱུར་པ་ལུས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་རྣམས་ཡིན་ནོ། །

Tibetan Source 《མདོ་ར་པ་》ཤ་193ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number