9445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བཙན་པོ་དང་།ཇོ་མོ།ཁུ་ཆེན་སོགས་ཀྱི་བང་སོའི་རྣམ་གྲངས་བཅུ།
Tibetan Alternate
Tibetan Definition དེ་ཡང་། གསང་བ་ཡང་ཆུང་ལས་བསྟན་པའི་བཙན་པོ་དང་། ཇོ་མོ། ཁུ་ཆེན་སོགས་ཀྱི་བང་སོའི་རྣམ་གྲངས་བཅུ་སྟེ།

1. ཁྲི་བདུན་བང་སོ་གནམ་ལ་བཏབ། ། ལྷའི་ལུས་ལ་རོ་མེད་འཇའ་ལྟར་ཡལ། ། 2. སྟེང་གཉིས་དུར་བཏབ་རྗེ་དང་གཡའ་ལ་བཏབ། ། 3. ལེགས་དྲུག་བང་སོ་སྤང་ཐང་མཚམས་སུ་བཏབ། ། 4. ལྡེ་བདུན་དུར་ས་ཆུ་བོའི་གཞུང་ལ་བཏབ། ། 5. བཙན་པོའི་བང་སོའམ་དུར་ས་ཡུལ་དུ་བཏབ་པ་བཅུ་བདུན་ཏེ། (1)བཙན་བདུན་མན་ཆད་དུར་ས་ཡུལ་དུ་བཏབ། ། ཡུལ་གྱི་མིང་ནི་ཡར་ལུང་ངར་མ་ཐང་། ། དེ་ཡང་ཕུལ་མེད་ས་ཕུང་བཏབ་པ་འདྲ། ། (2)ཁྲི་སྙན་གཟུང་བཙན་དོན་མཁར་མདའ་རུ་བརྩིགས། ། དེ་ཡང་ཕུལ་མེད་གྲུ་བཞི་མི་ཤེས་སྐད། ། (3)འབྲོ་གཉན་ལྡེ་རུ་བང་སོ་དོན་མཁར་མདའ། ། རྗེ་འབངས་གསུམ་ཁ་གསོན་པོར་བང་སོར་གཤེགས། ། (4)སྟག་གུ་གཉན་གཟིགས་དོན་མཁར་མདའ་རུ་བརྩིགས། ། གྲལ་ནི་ཁྲི་སྙན་གོང་ངོས་གཡོན་ན་ཡོད། ། དེ་ཡན་ཕུལ་མེད་ས་ཕུང་བརྡལ་བ་འདྲ། ། (5)དེ་ནས་སྐྱེད་ཕུལ་རྩིག་པ་སོག་ཁར་ཡོད། ། དེའི་མིང་ནི་གུང་རི་སོག་ཁ་ཡིན། ། (6)གནམ་རི་སྲོང་བཙན་དོན་མཁར་མདའ་རུ་བརྩིགས། ། གྲལ་ནི་ཁྲི་སྙན་གཟུང་བཙན་གཡོན་ན་ཡོད། ། (7)སྲོང་བཙན་སྒམ་པོ་འཕྱོང་པོའི་མདའ་རུ་བརྩིགས། ། ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། ། ཟུར་བཞི་ན་ནི་ལྷ་ཁང་བཞི་ཡང་ཡོད། ། མིང་ནི་སྨུག་རི་སྨུག་པོ་བྱ་བ་ལགས། ། བང་སོ་གྲུ་བཞི་བརྩིགས་པ་དེ་ནས་བྱུང་། ། (8)གུང་སྲོང་གུང་བཙན་དོན་མཁར་མདའ་ན་ཡོད། ། གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། ། མིང་ནི་གུང་རི་གུང་ཆེ་ལགས་སོ་སྐད། ། (9)མང་སྲོང་གྲལ་ནི་སྲོང་བཙན་གཡོན་ན་ཡོད། ། དེའི་མིང་ནི་སྔོ་བཞེར་ཧྲལ་པོ་ལགས། ། (10)འདུས་སྲོང་འཕྲུལ་རྒྱལ་མང་སྲོང་གཡོན་ན་ཡོད། ། དེའི་མིང་ནི་སེང་གེ་བརྩེགས་པ་ཅན། ། (11)ཨག་ཚོམ་བང་སོ་མུ་ར་རི་ལ་བརྩེགས། ། གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། ། དེའི་མིང་ནི་ལྷ་རི་གཙུག་ནམ་ལགས་སོ་སྐད། ། (12)ཁྲི་སྲོང་ལྡེ་བཙན་མུ་ར་རི་ལ་བརྩིགས། ། གྲལ་ནི་ཡབ་ཀྱི་ལྟག་ན་འོད་པ་སྲུང་། ། མ་གྲོངས་གོང་དུ་ཉིད་ཀྱིས་བརྩིགས་པའོ། ། མིང་ནི་འཕྲུལ་རི་གཙུག་ནམ་བྱ་བ་ལགས། ། (13)ཁྲི་ལྡེ་སྲོང་བཙན་འཕྲུལ་རྒྱལ་མདུན་ན་ཡོད། ། ཡུམ་གྱིས་ཆབ་གང་དགོངས་པས་ནང་གི་མཐོ། ། མིང་ནི་འཕྲུལ་ཆེན་བཞེར་བྱ་བ་ལགས། ། (14)དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་བར། ། དེའི་མིང་བང་རིམ་འཁོར་ལོ་ཅན། ། (15)འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། ། མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། ། (16)མུ་ནེ་བཙན་པོ་ཨག་ཚོམ་གཡས་ངོས་མདུན། ། མིང་ནི་ལྷ་རི་ལྡིང་བུ་བྱ་བ་ལགས། ། (17)རལ་པ་ཅན་ནི་དོན་མདའི་གཡོན་ན་བཞུགས། ། མིང་ནི་ཁྲི་སྟག་སྨང་རི་ལགས་སོ་སྐད། ། ཅེས་སོ། 6. ཇོ་མོ་སྲིད་ཀྱིས་ཟིན་པའི་བང་སོ་དགུ་སྟེ། (1)ཨོང་ཅོང་དོན་མདའི་གཡོན་ན་ཡོད། ། (2)དེའི་རྩ་ན་མོང་བཟའ་ཁྲི་མོ་འབྲོང་སྙོད་ཡོད། ། (3)དེའི་རྩ་ན་རུ་ཡོང་བཙན་མོ་མཚོ་ཡང་ཡོད། ། (4)དེའི་རྩ་ན་མནོ་བཟའ་མར་དཀར་ཡོད། ། (5)ཚེ་སྤོང་འབྲི་མ་ཐོད་དཀར་ཡབ་ཀྱི་གཡས་ན་ཡོད། ། མིང་ནི་བང་སོ་གཡུལ་མོའི་ཐང་ཞེས་བྱ། ། (6)འདོས་བཟའ་སྟོང་བཙུན་འབྲོ་དཀར་ཡབ་ཀྱི་གཡོན། ། (7)ཚེ་སྤོང་དམར་རྒྱལ་དོན་མདར་ཤུ་པོ་སྣ། ། (8)སྣ་ནམ་དབྱིབས་སྟངས་ཡབ་སྲས་གཡོན་ཟུར་ན། ། (9)འབྲོ་བཟའ་སྟོང་དཀར་ཕྱི་མོ་ལོད་ནི་སྲས་ཀྱི་གཡོན་ཟུར་ཕར་ཚད་ན། ། ཕྱི་མ་བཅུ་གཅིག་ལྡེའི་སྲས་སོ་སྐད། ། ཅེས་སོ། ། 7. ཇོ་མོ་སྲིད་ཀྱིས་མ་ཟིན་པའི་བང་སོ་བརྒྱད་དེ། (1)ལྗང་མོ་ཁྲི་བཙུན་སྙེན་སྟེངས་སྙན་མ་ལོད། (2)འབྲོ་བཟའ་མ་ཁང་གསིང་མ་ལོད། ། (3)ཚེ་སྤོང་བཟའ་ཁྲི་མ་གུང་རྒྱལ། (4)འབྲོ་བཙུན་ཁྲི་མོ་ལེགས། (5)མཁར་ཆེན་བཟའ་མཚོ་རྒྱལ། (6)ཞང་ཞུང་བཟའ། (7)སྔོ་བཞེར་ལིག་ཐིག་སྨན། (8)འཆིམས་བཟའ་དང་བརྒྱད་བང་སོར་བརྩིགས་སོ་ཞེས་སོ། ། 8. ཇོ་མོ་དུར་དུ་མ་ཚུད་པ་དྲུག་སྟེ། (1) – (2)བལ་མོ་བཟའ་ཁྲི་བཙུན་དང་། ། གི་ཤང་ཨོང་ཅོང་གཉིས་ཐུགས་རྗེ་ཆེན་པོ་ལ་ཐིམ། (3)ཚེ་སྤོང་བཟའ་མདོར་རྒྱལ་མདོ་སྟོད་ཁམས་ཀྱི་མོད་ཤོད་དུ་ལུས། (4)ཐག་དེ་བཟའ་བུ་ཆུང་སྨན་བག་མའི་ཤུལ་དུ་གྲོངས་ནས་ཟར་པོར་སྦས་པས་གྲའི་སེ་སྨན་ནོ། ། (5)ཕོ་ཡོང་བཟའ་རྒྱལ་མོ་བཙུན་དབུ་ཚལ་དུ་བཞག (6)ཆིམས་བཟའ་མུ་ནེ་ལོད་འཕང་ཐང་དུ་འགག་གྲིར་གྲོངས་ནས་དེར་བཞག ། དེ་དྲུག་རྗེས་སུ་ལུས་སོ། ། ཞེས་སོ། ། 9. ཇོ་མོ་བང་སོའི་སྐྱིན་པར་མཆོད་རྟེན་བརྩིགས་པ་ལྔ་སྟེ། (1)འབྲོ་བཟའ་ཁྲི་རྒྱལ་མང་པོ་རྗེ་ཐར་པ་ལ་གཤེགས་པའི་མཚན། ཇོ་མོ་བྱང་ཆུབ་རྗེ། གཡི་ཕུར་མཆོད་རྟེན་བརྩིགས། (2)ཅོག་རོ་བཟའ་དཔལ་གྱི་ངང་བཙུན་ལ་མཆོད་རྟེན་བརྩིགས། (3)འཆིམས་བཟའ་རིན་ཆེན་རྒྱལ་མ་གཙུག་ལ་མཆོད་རྟེན་བརྩིགས། (4)ཚེ་སྤོང་བཟའ་ལྷུན་གྱི་ལྷ་མོ་ལ་མཆོད་རྟེན་བརྩིགས། (5)ལྷ་ལུང་བཟའ་དཔལ་རབ་འབྱིན་ལ་མཆོད་རྟེན་བརྩིགས་ཞེས་སོ། ། 10 .ཐང་མཚམས་ཀྱི་བང་སོའི་རྣམ་གྲངས་དགུ་ནི། (1) – (2)འབྲོ་སྙན་ལྡེ་རུའི་ཐང་མཚམས་འབྲོ་ཚ་རྨུ་བཙུན་དང་། མོན་བུ་རྒྱལ་མཚན་གཉིས་སྟག་གུའི་ལྐོག་ན་ས་ཕུང་གཉིས་ཡོད་དོ། ། (3)གནམ་རི་སྲོང་བཙན་གྱི་ཐང་མཚམས་བློན་པོ་ལེགས་ནམ་སྟག་གུའི་གཡོན་ན་ཡོད་དོ། ། (4) – (5)ལྗང་ཚ་ལྷ་དབོན་ཡབ་ཀྱི་གཡོན་ན་ཡོད་དོ། ། བང་སོ་ཟླུམ་པོ་དེ་དང་། མུ་ཏིག་བཙན་པོའི་བང་སོ་དོན་མཁར་མདའ་རུ་ཡོད། བང་སོའི་མིང་སྐྱ་ལྡེམ་མོ། ། (6)སད་ནེ་ལེགས་བང་སོ་བཞི་སྟེངས་ཀྱི་མཆན་ནའོ། ། (7)ཨི་ཤོ་ལེགས་ཀྱི་ཐང་མཚམས་དུར་གནམ་ལ་བཏབ་ཟེར། (8)གཙང་མ་ནི་ལྷོ་བྲག་ཏུ་ལུས་སོ། ། (9)ཁུ་ཆེན་གྱི་བང་སོ་གཉིས་ཡོད། ། (སྐབས་འདིར་གདུང་རྒྱུད་ཟིན་པའི་བང་སོ་བཅོ་བརྒྱད་དང་། ཇོ་མོ་སྲིད་ཟིན་གྱི་བང་སོ་དགུ། སྲིད་མ་ཟིན་པའི་བང་སོ་དགུ་ཡོད་གསལ་བ་ནི་གོང་དུ་བཀོད་པ་དང་ཉིས་ཟློས་ལ་བརྟེན་གསལ་བཤད་ཙམ་ལས་བང་སོའི་གྲངས་སུ་བཀོད་མེད་ལགས།)

Tibetan Source 《ལྡེའུ་ཆོས་འབྱུང་》དེབ་ཤ་376.15ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number