9479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་ཁྲིམས་ཡོངས་སུ་དག་པ་བཅུ།
Tibetan Alternate
Tibetan Definition དཀོན་བརྩེགས་ལེའུ་བདུན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་ཁག་ལྔ་ཡོད་པ་སྟེ།

ཁག་དང་པོ། 1. སེམས་ཅན་ཐམས་ཅད་ལ་མི་འཚེ་བ། 2. གཞན་གྱི་རྫས་ལ་མི་རྐུ་བ། 3. གཞན་གྱི་ཆུང་མ་སྤངས་པ། 4. སེམས་ཅན་ཐམས་ཅད་ལ་མི་བསླུ་བ། 5. གཞན་གྱི་གཡོག་མཐུན་པ་ལ་ཕྲ་མ་མི་ཟེར་བ། 6. ཚིག་དྲག་པ་བཟོད་པའི་ཕྱིར་ངག་མི་རྩུབ་པ། 7. ཚིག་བསྡམས་པས་ཚིག་ཀྱལ་པ་སྤངས་པ། 8. གཞན་གྱི་ལོངས་སྤྱོད་ལ་ང་ཡིར་མི་འཛིན་པས་བརྣབ་སེམས་མེད་པ། 9. ཚིག་ངན་པར་སྨྲས་པ་བཟོད་པས་གནོད་སེམས་སྤངས་པ། 10 .ལྷ་གཞན་མི་འདོད་པས་ལོག་པར་ལྟ་བ་སྤངས་པའོ། ། ཁག་གཉིས་པ། 1. མི་ཤེས་པ་མི་འདོད་པས་མ་ཉམས་པའི་ཚུལ་ཁྲིམས། 2. ངན་པར་སྐྱེ་བ་ཡོངས་སུ་སྤངས་པས་སྐྱོན་མེད་པའི་ཚུལ་ཁྲིམས། 3. ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པས་འདྲེས་མ་མ་ཡིན་པའི་ཚུལ་ཁྲིམས། 4. གཅིག་ཏུ་དཀར་པོའི་ཆོས་རྣམ་པར་སྤེལ་བས་བསྲ་བསྲེ་མེད་པའི་ཚུལ་ཁྲིམས། 5. ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་རང་དབང་གི་ཚུལ་ཁྲིམས། 6. མཁས་པས་མ་སྨད་པས་བསྔགས་པའི་ཚུལ་ཁྲིམས། 7. ཉེས་པ་ཐམས་ཅད་མི་སྒྲུབ་པས་མ་སྨད་པའི་ཚུལ་ཁྲིམས། 8. དབང་པོ་བསྲུངས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས། 9. དྲན་པ་དང་ཤེས་བཞིན་གྱི་ཕྱིར་ཤིན་ཏུ་བསྲུངས་པའི་ཚུལ་ཁྲིམས། 10 .ཚུལ་ཁྲིམས་བཅུ་པ་གཞུང་དུ་མི་གསལ། ཁག་གསུམ་པ། 1. རུང་བའི་ཚོད་ཤེས་པས་འདོད་པ་ཉུང་བའི་ཚུལ་ཁྲིམས། 2. འདོད་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས། 3. ལུས་དང་སེམས་རབ་ཏུ་དབེན་པས་ནན་ཏན་གྱི་ཚུལ་ཁྲིམས། 4. འདུ་འཛི་ལ་སྨོད་པས་དགོན་པར་གནས་པའི་ཚུལ་ཁྲིམས། 5. བདག་གི་ཁར་ལས་པའི་དགེ་བའི་རྩ་བ་བསྒྲུབ་པའི་ཕྱིར་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས། 6. ཕ་རོལ་གྱི་གདོང་དུ་མི་ལྟ་བས་འཕགས་པའི་རིགས་ལ་དགའ་བའི་ཚུལ་ཁྲིམས། 7. ལྷ་དང་མི་རྣམས་ལ་མི་སླུ་བས་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པའི་ཚུལ་ཁྲིམས། 8. རང་གི་སེམས་ངེས་པར་རྟོགས་པས་བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས། 9. ཕ་རོལ་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས། 10 .བསྡུ་བའི་དངོས་པོ་རྗེས་སུ་མི་གཏོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། ། ཁག་བཞི་པ། 1. ཐ་བའི་སེམས་མེད་པས་སངས་རྒྱས་ལ་དད་པའི་ཚུལ་ཁྲིམས། 2. དམ་པའི་ཆོས་སྲུང་བས་ཆོས་ལ་དད་པའི་ཚུལ་ཁྲིམས། 3. འཕགས་པ་འདུས་པ་ལ་གུས་པས་དགེ་འདུན་ལ་དད་པའི་ཚུལ་ཁྲིམས། 4. སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་དང་མ་བྲལ་བས་འདུད་པའི་ཚུལ་ཁྲིམས། 5. བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་བསགས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ཁྲིམས། 6. མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས། 7. སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱམས་པའི་ཚུལ་ཁྲིམས། 8. ཉམ་ཐག་པར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྙིང་རྗེའི་ཚུལ་ཁྲིམས། 9. ཆོས་ལ་དགའ་ཞིང་རབ་ཏུ་མོས་པས་དགའ་བའི་ཚུལ་ཁྲིམས། 10 .རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་སོ། ། ཁག་ལྔ་པ། 1. སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས། 2. སེམས་ཀུན་ཏུ་སྲུང་པས་བཟོད་པའི་ཚུལ་ཁྲིམས། 3. མི་ལྡོག་པས་བརྩོན་འགྲུས་ཀྱི་ཚུལ་ཁྲིམས། 4. བསམ་གཏན་གྱི་ཚོགས་ཡང་དག་པར་རྫོགས་པར་བྱེད་པས་བསམ་གཏན་གྱི་ཚུལ་ཁྲིམས། 5. ཐོས་པ་དང་ཚུལ་ཁྲིམས་ཀྱིས་མི་ངོམས་པས་ཤེས་རབ་ཀྱི་ཚུལ་ཁྲིམས། 6. བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་ཐོས་པ་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས། 7. རྟག་པའི་འདུ་ཤེས་སོ་སོར་རྟོག་པས་ལུས་ལ་མི་ལྟ་བའི་ཚུལ་ཁྲིམས། 8. སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པས་སྲོག་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས། 9. ཐོག་མ་ནས་ཚུལ་ཁྲིམས་ཡོངས་སུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཚུལ་ཁྲིམས། 10 .ཚུལ་ཁྲིམས་ཐམས་ཅད་ཡོངས་སུ་བསྔོ་བས་དེ་བཞིན་གཤེགས་པ་དང་ཕྲད་པའི་ཚུལ་ཁྲིམས་སོ། །

Tibetan Source 《དཀོན་བརྩེགས་ག་པ་》ཤ་192ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number