9493

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཚོ་བའི་གནས་སྐབས་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཚེ་མཐའི་མདོ་ལས་བྱུང་བ་སྟེ།

1. གནས་སྐབས་དང་པོ་ནི་ཞན་ཅིང་གན་རྒྱལ་དུ་ཉལ་བ་སྟེ་བྱིས་པ་ཡིན། 2. གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་ཏེ་གཞོན་ནུ་ཡིན། 3. གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་སྟེ། ལང་ཚོ་ལ་བབ་པ་ཡིན། 4. གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན། 5. གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་ཡིན། 6. གནས་སྐབས་དྲུག་པ་ནི་དཔྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པ་ཡིན། 7. གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན། 8. གནས་སྐབས་བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་རྒན་རབས་སུ་བཀུར་བ་ཡིན། 9. གནས་སྐབས་དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ་རྒན་པོ་ཡིན། 10 .གནས་སྐབས་བཅུ་པ་ནི་ཚེའི་མཐར་ཐུག་པ་སྟེ་འཆིར་ཉེ་བ་ཡིན་ནོ། །

Tibetan Source 《མདོ་ལ་པ་》ཤ་216བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number